དྲན་པ་ཉམས་རྒུད་ཀྱི་ནད་གཞི་སྐོར།
དྲན་པ་ཉམས་རྒུད་ཀྱི་ནད་གཞི་སྐོར་འབུམ་རམས་པ་བསྟན་འཛིན་རྣམ་གྲོལ་ལགས་དང་། དགེ་བཤེས་དགེ་ལེགས་རྒྱ་མཚོ་ལགས་དང་ལྷན་གླེང་མོལ་ཞུས་པ།
- 2022-07-23
-
-
-
Your browser doesn’t support HTML5 audio
འཛམ་གླིང་ནང་འཕྲོད་བསྟེན་གྱི་གནས་བབ་ཇེ་བཟང་དུ་སོང་སྟེ་བགྲེས་སོང་དགུང་ལོ་མཐོ་པོ་བཞུགས་མཁན་མང་དུ་འགྲོ་བཞིན་པའི་ཁྲོད་དྲན་པ་ཉམས་རྒུད་ཀྱི་ནད་ཡོད་མཁན་ཡང་མི་ཉུང་བ་ཞིག་ཡོང་གིན་ཡོད་པ་འདི་ནི་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་དཀའ་ངལ་ཆེ་བའི་ནད་ཅིག་ཏུ་རྩིས་བཞིན་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་མིའི་ནང་ཆོས་ཀྱི་བསྟི་གནས་བྱེས་ཀྱི་གདན་ས་ཆེ་ཁག་ཏུ་དྲན་པ་ཉམས་རྒུད་ཀྱི་ནད་གཞིར་ཞིབ་འཇུག་གནང་བཞིན་ཡོད་པ་ཨ་རིའི་མི་ནི་སོ་ཊ་གཙུག་ལག་སློབ་ཆེན་གྱི་ཉམས་ཞིབ་པ་འབུམ་རམས་པ་བསྟན་འཛིན་རྣམ་གྲོལ་ལགས་དང་། འབྲས་སྤུངས་བློ་གསལ་གླིང་གི་ཚན་རིག་དགེན་དགེ་བཤེས་དགེ་ལེགས་རྒྱ་མཚོ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག