བོད་པ་རང་གིས་བཟོ་བསྐྲུན་བྱས་པའི་ཐོན་སྐྱེད་དངོས་རྫས་དཔེ་གསར།
སྡོམ་པ་ཚང་ལག་ཤེས་བཟོ་ལས་ཁང་གིས་བཟོ་བསྐྲུན་བྱས་པའི་བོད་པའི་ཡུལ་སྲོལ་རིག་གཞུང་དང་འབྲེལ་བའི་ཐོན་རྫས་ཅ་དངོས་དཔེ་གསར་རིགས་ཀྱི་སྐོར་ལ་བཅར་འདྲི།
- 2024-07-04
-
-
-
Your browser doesn’t support HTML5 audio
བཞུགས་སྒར་རྡ་རམ་ས་ལའི་(McLeodGanj)་ཁུལ་དུ་བོད་མི་མང་དག་ཅིག་གིས་ཚོང་ལས་འདྲ་མིན་གཉེར་བཞིན་ཡོད་པའི་ནང་ནས། སྡོམ་པ་ཚང་ཀརྨ་བསོད་ནམས་ལགས་ཀྱིས་༡༩༨༥ལོ་ནས་བཟུང་ལོ་མང་རིང་ཚོང་ལས་གཉེར་བཞིན་ཡོད་པ་དང་། ༢༠༠༧ལོར་ལག་ཤེས་བཟོ་ལས་ཁང་ཞིག་གསར་འཛུགས་ཀྱིས་བོད་པ་རང་གིས་བཟོ་བསྐྲུན་བྱས་པའི་བོད་པའི་ཡུལ་སྲོལ་རིག་གཞུང་དང་འབྲེལ་བའི་གཟིམ་སྤོས་འདྲ་མིན་དང་། དར་ལྕོག རྟེན་འབྲེལ་མཚོན་དོན་གྱི་ཐོན་རྫས་སྣ་ཚོགས། ལུས་ལ་བྱུག་སྣུམ་སོགས་བྱུག་རྫས་སྣ་མང་དང་། ལུས་ཀྱི་དྲི་ཆབ། ཁུག་མ་དང་ཁྱིམ་དུ་སྒྲིག་གཤོམ་བྱེད་རྒྱུའི་ཅ་དངོས་ཐོན་རྫས་བཟོ་བསྐྲུན་གནང་ཀྱི་ཡོད་པ་སོགས་ཀྱི་སྐོར་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་འདྲི་ཞུས་པ་ཞིག་ལ་གསན་རོགས་གནང་།།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།