ཏོག་དབྱིབས་ནད་ཡམས་ཀྱིས་མི་རྒྱུ་གཉིས་ལ་གནོད་འཚེ།

ཏོག་དབྱིབས་ནད་ཡམས་ཀྱིས་མི་རྒྱུ་གཉིས་ལ་གནོད་འཚེ་བཟོས་པའི་རྐྱེན་གྱིས་བོད་མིའི་ནང་སེམས་ཁམས་ཀྱི་དཀའ་ངལ་ཡོད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད།

བདེ་ལེགས་སྨན་ཁང་གི་ངོ་དེབ།

ཐེངས་འདིའི་འཕྲོད་བསྟེན་ལེ་ཚན་ནང་། ཏོག་དབྱིབས་ནད་ཡམས་དེ་ཡིས་རྒྱ་གར་སྤྱི་དང་བྱེ་བྲག་ཏུ་རྒྱ་གར་ནང་གི་བོད་མིའི་ནང་མི་རྒྱུ་གཉིས་ལ་གནོད་འཚེ་བཟོས་པའི་རྐྱེན་གྱིས་བོད་མིའི་ནང་སེམས་ཁམས་ཀྱི་དཀའ་ངལ་ཡོད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། གཞན་ཡང་ཏོག་དབྱིབས་ནད་ཡམས་དེར་བོད་སྨན་གྱིས་སྔོན་འགོག་གི་ནུས་པ་ཆེན་པོ་བཏོན་ཡོད་པར་ངོས་འཛིན་བྱུང་བའི་སྐོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་འགྲེལ་བརྗོད་གནང་བ་ཞིག་གཡུ་སྒྲོན་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

གསར་འགོད་པ། གཡུ་སྒྲོན།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org