ཏཱ་ལའི་བླ་མའི་མཐོ་སློབ་ཏུ་སྐོང་ཚོགས་གནང་བའི་བོད་རིག་པའི་ཚོགས་འདུ།

རྒྱ་གར་ལྷོ་ཕྱོགས་སྦེངྒ་ལུ་རུར་རྟེན་གཞི་བྱས་པའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་ཏཱ་ལའི་བླ་མའི་མཐོ་སློབ་ཏུ་བོད་རིག་པའི་ཚོགས་འདུ་ཚོགས་ཡོད།

ཏཱ་ལའི་བླ་མའི་མཐོ་སློབ་ཏུ་སྐོང་ཚོགས་གནང་བའི་བོད་རིག་པའི་ཚོགས་འདུ། སྒྲིག་བཟོ།

འདི་ཟླའི་མགོ་སྟོད་དུ་རྒྱ་གར་ལྷོ་ཕྱོགས་སྦེངྒ་ལུ་རུར་རྟེན་གཞི་བྱས་པའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་ཏཱ་ལའི་བླ་མའི་མཐོ་སློབ་ཏུ་བོད་རིག་པའི་ཚོགས་འདུ་ཚོགས་ཡོད་པ་ལྟར།  གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  ཚོགས་འདུ་འདིར་ལྷན་ཞུགས་གནང་མཁན་ཝར་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཤ་བོ་རྟ་མགྲིན་ལགས་དང་།  ཉམས་ཞིབ་པ་ཨ་ཅརྱ་ཨག་ལོད་ལགས།  ཉམས་ཞིབ་པ་ཀུན་བཟང་སྒྲོལ་མ་ལགས་བཅས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།

གསར་འགོད་པ། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org