བོད་མི་རིགས་ཀྱི་ངོ་བོ་སྐད་ཡིག་དང་རིག་གཞུང་བཅས་པ་རྒྱ་ཧན་མི་རིགས་ཀྱི་ཁོངས་སུ་བསྲེས་ལྷད་བྱ་ཐབས།

འདས་པའི་ལོ་བཅུའི་ནང་རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མི་རིགས་ཀྱི་ངོ་བོ་སྐད་ཡིག་དང་རིག་གཞུང་བཅས་པ་རྒྱ་ཧན་མི་རིགས་ཀྱི་ཁོངས་སུ་བསྲེས་ལྷད་བྱ་རྒྱུར་དམིགས་ཏེ་ལས་དོན་སྣ་ཚོགས་སྤེལ་བཞིན་པ།

བོད་མི་རིགས་ཀྱི་ངོ་བོ་སྐད་ཡིག་དང་རིག་གཞུང་བཅས་པ་རྒྱ་ཧན་མི་རིགས་ཀྱི་ཁོངས་སུ་བསྲེས་ལྷད་བྱ་ཐབས། ཨེ་པི།

རྒྱ་ནག་གཞུང་གིས་འདས་ལོ་གཅིག་གི་ནང་བོད་ནང་དུ་དགོན་པས་གཉེར་བའི་བོད་ཡིག་སློབ་འཁྲིད་གནང་ཡུལ་གྱི་སློབ་གྲྭ་སྒོ་བརྒྱབ་སྟེ་དགོན་པའི་གྲྭ་ཆུང་ཚོ་རྒྱ་ནག་གཞུང་གིས་གཉེར་བའི་གཏན་འཇགས་སློབ་གྲྭའི་ནང་བཅུག་ཡོད་ལ།  རྒྱ་ནག་གཞུང་གིས་བོད་ཐེ་བའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་དབྱེ་བའི་ཡུལ་ལུང་ཁག་ནང་རྒྱ་སྐད་གཙོ་གྱུར་གྱི་ཤེས་ཡོན་སྲིད་བྱུས་དོ་ནན་གྱིས་ལག་བསྟར་བྱེད་བཞིན་ཡོད་པ་རེད། 

ཕྱི་ཟླ་ ༢ ཚེས་ ༢༡ རྒྱལ་སྤྱིའི་ཕ་སྐད་ཀྱི་ཉིན་མོ་ཚེས་ལ་ཉེ་བ་དང་བསྟུན།  གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  འདས་པའི་ལོ་བཅུའི་ནང་རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མི་རིགས་ཀྱི་ངོ་བོ་སྐད་ཡིག་དང་རིག་གཞུང་བཅས་པ་རྒྱ་ཧན་མི་རིགས་ཀྱི་ཁོངས་སུ་བསྲེས་ལྷད་བྱ་རྒྱུར་དམིགས་ཏེ་ལས་དོན་སྣ་ཚོགས་སྤེལ་བཞིན་པའི་རྒྱབ་ལྗོངས་ཀྱི་གནས་བབ་ཐད་ཤེས་ཡོན་སློབ་གསོ་བ་རྒན་བསྟན་འཛིན་འཆི་མེད་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།

གསར་འགོད་པ། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org