ཞི་བདེ་ཀུན་ཁྱབ་གླིང་ཚོགས་པས་ཉམས་ཐག་དང་སྡོད་ཁྱིམ་མེད་མཁན་ཚོར་མལ་གོས་ཀྱི་སྦྱིན་པ་གཏོང་བ།

ནིའུ་ཡོག་ཏུ་རྟེན་གཞི་བྱེད་པའི་ཞི་བདེ་ཀུན་ཁྱབ་གླིང་ཚོས་པས་ཉམས་ཐག་དང་སྡོད་ཁྱིམ་མེད་མཁན་ཚོར་མལ་གོས་དང་ཟས་སྦྱིན་གྱི་ལས་འགུལ་ཞིག་སྤེལ་ཡོད་པ།

ཞི་བདེ་ཀུན་ཁྱབ་གླིང་ཚོགས་པའི་འགན་འཛིན་དགེ་བཤེས་བཀྲིས་རྡོ་རྗེ་ལགས་ཀྱིས་ཉམས་ཐག་དང་སྡོད་ཁྱིམ་མེད་མཁན་ཚོར་ཟས་སྦྱིན་གནང་བཞིན་པ། ཞི་བདེ་ཀུན་ཁྱབ་གླིང་ཚོགས་པའི་ངོ་དེབ།

གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞེས་པའི་ལེ་ཚན་ནང་། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱེད་པའི་ཞི་བདེ་ཀུན་ཁྱབ་གླིང་ཚོགས་པས་ཁུལ་དེར་གནས་སྡོད་ཉམས་ཐག་དང་སྡོད་ཁྱིམ་མེད་མཁན་ཚོར་མལ་གོས་དང་ཟས་སྦྱིན་གྱི་ལས་འགུལ་ཞིག་སྤེལ་གནང་ཡོད་པའི་སྐོར། འགན་འཛིན་དགེ་བཤེས་བཀྲིས་རྡོ་རྗེ་ལགས་སུ་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་བཀའ་འདྲི་ཞུས་པར་གསན་རོགས་ཞུ།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org