ལོ་གསར་གྱི་བྱུང་བ་དང་བོད་ཕྱི་ནང་གཉིས་སུ་སྲུང་བརྩི་བྱེད་ཕྱོགས།

ལོ་གསར་གྱི་བྱུང་བ་དང་བོད་ཕྱི་ནང་གཉིས་སུ་སྲུང་བརྩི་བྱེད་ཕྱོགས་དང་དམ་དྲག་སོགས་ཀྱི་གནད་དོན་སྐོར་གླེང་བ།

བོད་མིའི་སྒྲིག་འཛུགས།

བོད་ཀྱི་ལོ་གསར་ནི་བོད་མི་བཙན་བྱོལ་བ་ཚོར་མཚོན་ན་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ལ་བརྒྱུད་འཛིན་བྱེད་པར་འདུན་པ་གསལ་སྟོན་བྱེད་པའི་དུས་ཚིགས་ཁྱད་པར་བ་ཞིག་འཁེལ་ཞིང་།  བོད་ནང་མཚོན་ན་བོད་མི་ཚོར་ཆིག་སྒྲིལ་སྲུང་སྐྱོབས་ཟེར་ཏེ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨོད་ཞུ་བཅུག་པའི་དུས་ཚིགས་ཤིག་ཏུ་གྱུར་ཡོད་པ་རེད། ཐེངས་འདིའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་། ལོ་གསར་གྱི་བྱུང་བ་དང་བོད་ཕྱི་ནང་གཉིས་སུ་སྲུང་བརྩི་བྱེད་ཕྱོགས་དང་དམ་དྲག་སོགས་ཀྱི་གནད་དོན་སྐོར་བཀྲ་ཤིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་ཀྱི་དབར་གླེང་མོལ་ཞུས་པར་གསན་རོགས་གནང་།

*ང་ཚོའོ་ལོ་གསར་དང་འབྲེལ་བའི་ལས་རིམ་ཁག་འདི་ནས་གཟིགས་རོགས།
གསར་འགོད་པ། སྒྲོལ་དཀར།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

གསར་འགོད་པ། བསྟན་འཛིན་བདེ་སྐྱིད། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།
2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org