དྲན་པ་ཉེ་བར་བཞག་པའི་གལ་གནད།

ནུབ་ཕྱོགས་སུ་གྲགས་ཆེར་གྱུར་ཞིང་བོད་མིའི་སྤྱི་ཚོགས་སྤྱི་དང་ལྷག་པར་སློབ་གསོའི་བྱ་གཞག་གི་ནང་ཉམས་ཞིབ་ཀྱི་རྩོམ་ཤོག་འདོན་རྒྱུ་འདི་གལ་ཆེར་གཟིགས་ཀྱི་ཡོད་པ།

ཉི་མ་ཚེ་རིང་།

ཉི་མ་ཚེ་རིང་ལགས་ནི་རྒྱ་གར་བྱང་ཕྱོགས་ཝར་ན་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་དྲན་པ་ཉེ་བར་བཞག་པའི་གནས་ལ་འབུམ་རམས་པའི་ཉམས་ཞིབ་གནང་མཁན་ཞིག་ཡིན་པ་དང་། ཁོང་གིས་བརྗོད་གཞི་འདིའི་ཐད་ལ་ཉམས་ཞིབ་གནང་དགོས་དོན་སྐོར་གསུངས་སྐབས། འདི་ནི་ནུབ་ཕྱོགས་སུ་གྲགས་ཆེར་གྱུར་ཞིང་བོད་མིའི་སྤྱི་ཚོགས་སྤྱི་དང་ལྷག་པར་སློབ་གསོའི་བྱ་གཞག་གི་ནང་ཉམས་ཞིབ་ཀྱི་རྩོམ་ཤོག་འདོན་རྒྱུ་འདི་གལ་ཆེར་གཟིགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་། གཤམ་ལ་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཉི་མ་ཚེ་རང་ལགས་དང་ལྷན་དྲན་པ་ཉེར་བཞག་གི་གལ་གནད་དང་། བོད་མིའི་སྤྱི་ཚོགས་ཁྲོད་དུ་ངོ་སྤྲོད་རྒྱ་ཆེ་ཙམ་གནང་དགོས་དོན་བཅས་ཀྱི་ཐོག་ནས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org