བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་སུ་ཐུགས་རྗེ་ཆེ་ཞུ།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མཛད་རྗེས་ཅན་ཚོར་ཐུགས་རྗེ་ཞུ་རྒྱུའི་གཟེངས་རྟགས་ཐེངས་གསུམ་པ་དེ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལ་ཕུལ་བ།

བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་ཐུགས་རྗེ་ཞུ་རྒྱུའི་གཟེངས་རྟགས་འབུལ་བཞེས་སྐབས།

སུད་སིའི་མདོ་སྨད་ཆོལ་ཁས་ལོ་གསུམ་རེ་མཚམས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མཛད་རྗེས་ཅན་ཚོར་ཐུགས་རྗེ་ཞུ་རྒྱུའི་ཆེད་དུ་ ༢༠༡༣ ནས་བཟུང་གསེར་གྱི་གཟེངས་རྟགས་འབུལ་སྲོལ་མཛད་པ་བཞིན་གཟེངས་རྟགས་ཐེངས་གསུམ་པ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་འབུལ་ལམ་ཞུས་འདུག གནས་ཚུལ་ཞིབ་ཕྲ་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་ཀྱིས་ངོ་སྤྲོད་གནང་བར་གསན་རོགས་གནང་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org