ནིའུ་ཡོག་གི་ལམ་ཟུར་དུ་རླངས་འཁོར་འཇོག་རིན་བསྡུ་ལེན་མི་བྱེད་རྒྱུའི་ཁྲིམས་ཡིག་གི་སྐོར།
- 2024-10-07
-
-
-
ནེའུ་ཡོག་དང་ནེའུ་ནེའུ་ཇེར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ངོ་དེབ།
Your browser doesn’t support HTML5 audio
༢༠༢༤ ལོའི་ཟླ་བ་དགུ་པའི་ཚེས་ཉེར་བདུན་ཉིན། གྲོང་ཁྱེར་ནེའུ་ཡོག་གི་གྲོང་སྡེ་ལྷན་ཁང་གི་ཚོགས་ཁང་དུ་མི་མང་གི་ཉན་ཞིབ་ཅིག་འཚོགས་པ་དེ་ནི། བོད་ཀྱི་ལོ་གསར་སྐབས་སུ་རླངས་འཁོར་འཇོག་གླ་བསྡུ་བའི་ཁྲིམས་འཆར་སྐོར་གྱི་གྲོས་བསྡུར་ཞིག་ཡིན་ཞིང་། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་དང་ནེའུ་ནེའུ་ཇེར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཟུར་པ་ནོར་བུ་ཚེ་རིང་ལགས་ཀྱིས་ཁྲིམས་འཆར་འདི་བོད་པའི་སྤྱི་ཚོགས་ཙམ་མ་ཟད་འབྲུག་དང་བལ་ཡུལ་སོགས་ཧི་མ་ལ་ཡའི་ས་ཁུལ་གཞན་ལ་ཀྱང་གལ་ཆེན་ཡིན་པའི་སྐོར་ནན་བཤད་གནང་ཡོད་པའི་སྐོར། གསར་འགོད་པ་སྒྲོལ་མ་ལྷ་མོ་ལགས་ཀྱིས་བཀའ་འདྲི་ཞུས་ལེ་ཚན་ཞིག་གཤམ་ལ་གསན་གནང་གི་རེད།
གསར་འགོད་པ། སྒྲོལ་མ་ལྷ་མོ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།