༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཙན་བྱོལ་ནང་བོད་མིའི་ཤེས་ཡོན་དང་ཆོས་དང་རིག་གཞུང་སོགས་ཀྱི་ཐོག་མཛད་རྗེས་ཇི་ལྟར་བཞག་གནང་ཡོད་པའི་སྐོར།
༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཙན་བྱོལ་ནང་བོད་མིའི་ཤེས་ཡོན་དང་ཆོས་དང་རིག་གཞུང་སོགས་ཀྱི་ཐོག་མཛད་རྗེས་ཇི་ལྟར་བཞག་གནང་ཡོད་པའི་སྐོར།
- 2023-11-08
-
-
-
Your browser doesn’t support HTML5 audio
༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་གྱ་བཞིར་ཕེབས་པའི་སྐུའི་འཁྲུངས་སྐར་དེ་བཞིན་སྔར་ལས་ལྷག་འཛམ་གླིང་ས་ཕྱོགས་བོད་མི་གནས་བསྡོད་ཁག་ཅིག་ཏུ་སྲུང་བརྩི་ཞུས་ཡོད་པ་དང་། ཡང་དྲ་ཐོག་ལ་གནད་ཡོད་མི་སྣ་ཚོས་དཀའ་དྲིན་རྗེས་དྲན་གྱི་འཚམས་འདྲི་དང་གཏམ་བཤད་སྤེལ་མཁན་ཡང་གང་མང་འདུག དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་གཡས་པ་ལྟར་བརྩི་བཞིན་པའི་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེན་མཆོག་གི་མཛད་པ་མང་དག་ཡོད་པའི་ནང་ནས་བཙན་བྱོལ་བོད་མིའི་ཤེས་ཡོན་དང་ཆོས་དང་རིག་གཞུང་སོགས་ཀྱི་ཐོག་མཛད་རྗེས་ཇི་ལྟར་བཞག་གནང་པའི་སྐོར། རྒྱུད་སྟོད་དཔེ་མཛོད་འགན་འཛིན་བློ་བཟང་ཀླུ་སྒྲུབ་ལགས་དང་ཁེ་ན་ཌ་གནས་ཞུགས་ཝ་ན་ལས་བྱེད་ཟུར་པ་དང་ཝ་ན་སློབ་ཟུར་ཚོགས་པའི་འཁྲུངས་སྐར་གོ་བསྒྲིགས་ཚོགས་ཆུང་གི་འགན་འཛིན་བཀྲིས་སྟོབས་རྒྱལ་ལགས་རྣམ་པ་གཉིས་དང་ལྷན་དུ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བགྲོ་གླེང་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག