རི་མོའི་སྒྱུ་རྩལ་གྱི་ལམ་ནས་ཕ་ཡུལ་གངས་ལྗོངས་ཡུལ་ལ་རྒྱང་ལྟ་བྱེད་པ།

ཨ་རིའི་སེ་ཊལ་ནས་སྤྲུལ་སྐུ་ཡེ་ཤེས་སམ་ཀླུ་སྨྱོན་ཧེ་རུ་ཀ་ལགས་ཀྱིས་བོད་ནང་གི་རང་བྱུང་ཁམས་མཚོན་ཆེད་དུ་དེང་དུས་ཀྱི་རི་མོ་མང་དག་ཅིག་བྲིས་ཡོད་པ་རེད།

སྤྲུལ་སྐུ་ཡེ་ཤེས་སམ་ཀླུ་སྨྱོན་ཧེ་རུ་ཀ་ལགས། སྤྲུལ་སྐུ་ཡེ་ཤེས་སམ་ཀླུ་སྨྱོན་ཧེ་རུ་ཀ་ལགས།

སྨྲ་བརྗོད་རང་དབང་ནི་དམངས་གཙོའི་ཀ་བ་ཞིག་ཡིན་པར་བརྗོད་ཀྱི་ཡོད་ཅིང་། སྨྲ་བརྗོད་རང་དབང་དེ་བཞིན་ཐབས་དང་རྣམ་པ་འདྲ་མིན་གྱི་ཐོག་ནས་སྟོན་གྱི་ཡོད་པས། རི་མོའི་སྒྱུ་རྩལ་ནི་བསམ་པའི་འཆར་སྣང་དང་འགྲོ་བ་མིའི་མངོན་འདོད་མཚོན་བྱེད་ཅིག་ཀྱང་ཡིན་པ་རེད། ད་དུང་རི་མོའི་སྒྱུ་རྩལ་ནི་མི་རིགས་ཀྱི་རིག་པའི་དཔལ་ཡོན་ཞིག་ཡིན་པར་མ་ཟད། བོད་རང་གི་ཆོས་ལུགས་དང་། ལོ་རྒྱུས། འཚོ་བ། ཡུལ་སྲོལ་གོམས་གཤིས་སོགས་དང་བསྟུན་ནས་རིམ་བཞིན་འཕེལ་རྒྱས་ཕྱིན་པའི་བསམ་བློའི་ཐོན་རྫས་ཤིག་ཀྱང་ཡིན་པར་ངོས་འཛིན་གནང་གི་འདུག འོན་ཀྱང་བཙན་བྱོལ་སྤྱི་ཚོགས་ནང་རི་མོའི་སྒྱུ་རྩལ་ཐོག་ལ་དོ་སྣང་དང་གདེངས་འཇོག་ཇི་ཙམ་ཡོད་མེད་དྲི་རྟགས་ཆེན་པོ་ཞིག་རེད་འདུག
དེ་རིང་ཁ་བའི་གྲོས་རའི་ལེ་ཚན་ནང་བཙན་བྱོལ་མི་ཡུལ་དུ་སླེབས་ནས་ཡུན་རིང་བོད་ནང་ཕྱིར་ཕེབས་མ་གནང་པའི་ཨ་རིའི་སེ་ཊལ་ནས་སྤྲུལ་སྐུ་ཡེ་ཤེས་སམ་ཀླུ་སྨྱོན་ཧེ་རུ་ཀ་ལགས་ཀྱིས་རི་མོའི་སྒྱུ་རྩལ་གྱི་ལམ་ནས། བོད་ནང་གི་རང་བྱུང་ཁམས་མཚོན་ཆེད་དུ་དེང་དུས་ཀྱི་རི་མོ་མང་དག་ཅིག་བྲིས་ཡོད་པ་རེད། ཁོང་གིས་ཆུང་དུས་ནས་རི་མོའི་སྒྱུ་རྩལ་ཐོག་དམིགས་སུ་བཀར་ནས་སློབ་སྦྱོང་བྱེད་མྱོང་མེད་ཀྱང་། སོ་སོའི་སྐྱེ་སྟོབས་ཀྱི་ཤེས་རབ་དང་། སྦྱངས་སྟོབས་ཀྱི་ཡོན་ཏན་ལ་བརྟེན་ནས་རི་མོ་འབྲི་རྒྱུར་དགའ་མོས་ཆེན་པོ་ཡོད་མཁན་ཞིག་ཏུ་གྱུར་ཡོད་པ་རེད། དེ་རིང་ཁོང་ལ་རི་མོ་སྒྱུ་རྩལ་བ་ཞིག་ཇི་ལྟར་ཆགས་པ་ཡིན་མིན་དང་། རི་མོའི་སྒྱུ་རྩལ་དང་རྩོམ་ཡིག་གཉིས་ཀྱིས་སྤྱི་ཚོགས་ལ་ཤུགས་རྐྱེན་ཀྱི་ནུས་པ་སུ་ཆེ་བ་ཡོད་མིན་སོགས་ཀྱི་ཐད། རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་ཁོང་དང་ལྷན་དུ་གླེང་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org