སྐྱབས་རྗེ་བླ་མ་༧ཐུབ་བསྟན་བཟོད་པ་རིན་པོ་ཆེ་མཆོག་གི་མཛད་འཕྲིན།
སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་གི་མཛད་འཕྲིན་སྐོར་དགེ་བཤེས་བཀྲ་ཤིས་ཐུབ་བསྟན་ལགས་དང་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་རྣམ་གཉིས་ལ་བཀའ་འདྲི་ཞུས་པ།
- 2023-04-19
-
-
-
Your browser doesn’t support HTML5 audio
ཨེ་ཤ་ཡ་དང་། ཡོ་རོབ། བྱང་ཨ་མི་རི་ཀ་སོགས་སུ་རྒྱལ་ཁབ་ཁག་སོ་བདུན་ཙམ་ནང་ཐེག་ཆེན་འཛིན་སྐྱོང་ཚོགས་པ་དེའི་ཡན་ལག་ཆོས་ཚོགས་བརྒྱ་དང་ལྔ་བཅུ་ལྷག་འཛུགས་གནང་མཛད་དེ་སེམས་ཅན་ལ་ཕན་ཐོགས་དང་སངས་རྒྱས་ཀྱི་བསྟན་པའི་ཞབས་འདེགས་རླབས་ཆེན་མཛད་གནང་མཁན་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་ཟླ་འདིའི་སྤྱི་ཚེས་༡༣ ཉིན་དགོངས་པ་གཞན་དོན་དུ་གཤེགས་ཡོད་པ་དང་། ད་ལྟའི་ཆར་རིན་པོ་ཆེ་མཆོག་ཐུགས་དམ་ལ་བཞུགས་མུས་ཡིན་པ་དང་བསྟུན། ང་ཚོ་དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་འདིའི་ནང་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་གང་ཉིད་སུ་ཡིན་པ་དང་། ཁོང་གི་མཛད་པ་འཕྲིན་ལས་ཇི་གནང་ཡོད་པ་སོགས་ཀྱི་སྐོར། ཀོ་པན་དགོན་པའི་ཤེས་ཡོན་འགན་བཞེས་གནང་མཁན་དགེ་བཤེས་བཀྲ་ཤིས་ཐུབ་བསྟན་ཤེས་རབ་ལགས་དང་། ད་ལྟ་བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ཚོགས་གཞོན་དགེ་བཤེས་ཐུབ་བསྟན་སྤྱིན་པ་ལགས་དང་ལྷན་དུ་ཆོས་སྐྱིད་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། ཆོས་སྐྱིད།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག