ཟམ་གདོང་རིན་པོ་ཆེ་མཆོག་གི་སྐུ་ཚེ་ལོ་རྒྱུས།
བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་མིའི་སྤྱི་ཚོགས་ནང་ཞབས་འདེགས་ཇི་ཞུས་སྐོར་བགྲོ་གླེང༌།
-
2014-11-08 -
-
-
༢༠༡༤ ཕྱི་ཟླ་ ༡༡ ཚེས་ ༦ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཟུར་བ་རྣམས་ལ་ལམ་སྟོན་གསུང་བཤད་གནང་བཞིན་པ།
བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་ངོ་དེབ།
༄༅༎ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་དགུང་གྲངས་བདུན་བཅུ་དོན་ལྔར་ཕེབས་པ་དང་བསྟུན་རིན་པོ་ཆེ་མཆོག་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་དང་སྤྱི་ཚོགས། འཛིན་སྐྱོང་དང་ཆབ་སྲིད་བཅས་ཀྱི་ནང་ཞབས་འདེགས་ཇི་ཞུས་ཀྱི་སྐུ་ཚེའི་ལོ་རྒྱུས་སྐོར། སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལྡན་བློ་གྲོས་ལགས་ཀྱིས་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་དང་། བོད་མི་དམངས་སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་བཅས་རྣམ་གཉིས་དང་ལྷན་དུ་གླེང་མོལ་ཞུས་པ་ཞིག་གསན་རོགས།།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།