བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཐེངས་དྲུག་པ།

ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་གངས་ལྗོངས་ཆོས་ལྡན་གླིང་བོད་མིའི་མཐུན་ཚོགས་ཀྱི་ཚོགས་ཁང་དུ་བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཐེངས་དྲུག་པ་འཚོགས་བཞིན་ཡོད་པ།

གངས་ལྗོངས་ཆོས་ལྡན་གླིང་།

དཔལ་ས་སྐྱ་༧གོང་མང་ཁྲི་ཆེན་རིན་པོ་ཆེ་མཆོག་གི་དབུ་བཞུགས་ཐོག་ཕྱི་ཟླ་ ༦ ཚེས་ ༣༠ ནས་ཕྱི་ཟླ་ ༧ ཚེས་ ༣ བར་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་གངས་ལྗོངས་ཆོས་ལྡན་གླིང་བོད་མིའི་མཐུན་ཚོགས་ཀྱི་ཚོགས་ཁང་དུ་བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཐེངས་དྲུག་པ་འཚོགས་བཞིན་ཡོད་པ་རེད།  གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  སྨོན་ལམ་གོ་སྒྲིག་ཚོགས་ཆུང་གི་འགན་འཁུར་བ་མཁན་པོ་ཀུན་དགའ་ཤེས་རབ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org