མ་ཧཱ་གུ་རུའི་འབུམ་ཚོགས་ཐེངས་ལྔ་པ།

ཨ་རིའི་རྒྱལ་སའི་ཁུལ་གྱི་འབྲི་གུང་ཆོས་ཀྱི་ཉི་མའི་ཆོས་ཚོགས་དང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་ཀྱི་གོ་སྒྲིག་གནང་བ།

འབྲི་གུང་ཆོས་ཀྱི་ཉི་མའི་ཆོས་ཚོགས།

༄༅།།དེ་རིང་གི་ཆེད་བསྒྲིགས་ཀྱི་ལེ་ཚན་ནང་ཨ་རིའི་རྒྱལ་ས་ཝ་ཤིང་ཏྲོན་ཌི་སི་མངའ་ཁུལ་གྱི་ཨ་རིའི་ཝིར་ཇི་ནི་ཡ་མངའ་སྡེའི་ནང་ཡོད་པའི་འབྲི་གུང་ཆོས་ཀྱི་ཉི་མའི་ཆོས་ཚོགས་དང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་ཀྱི་གོ་སྒྲིགས་འོག་མ་ཧཱ་གུ་རུའི་འབུམ་ཚོགས་ཐེངས་ལྔ་པ་དེ་ད་རེས་སྤྱི་ལོ་༢༠༢༢སྤྱི་ཟླ་༡༡པའི་ཚེས་༣ནས་ཚེས་༥བར་ཉིན་གྲངས་བཞིའི་རིང་དུ་ཚོགས་ཏེ་མ་ཧཱ་གུ་རུའི་འབུམ་ཚོགས་ཀྱི་དགེ་བའི་ལས་མཐའ་དག་ཀྱང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན་པ་དང། འཛམ་གླིང་ནང་ནད་མུགས་འཁྲུགས་རྩོད་ཞི་བ་སོགས་ཀྱི་སྨོན་འདུན་དང་བཅས་ཚོགས་ཡོད་པའི་སྐོར་མཁན་པོ་བསམ་འགྲུབ་ལགས་སུ་ཚེ་དབང་ནོར་བུས་བཀའ་འདྲི་ཞུས་པ་དེ་གསན་རོགས་ཞུ།
གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org