ཨ་རིའི་ཁེ་ལི་ཕོར་ནི་ཡ་སྦརྐལི་གྲོང་ཁྱེར་ནང་ཕྱི་ཟླ་ ༥ ཚེས་ ༢༡ དང་ ༢༢ བཅས་སུ་ཧི་མ་ལ་ཡའི་ཚོང་འདུས་ཐེངས་ ༣༦ པ་འདི་ཚོགས་ཀྱི་ཡོད་པ།
ཨ་རིའི་ཁེ་ལི་ཕོར་ནི་ཡ་སྦརྐལི་གྲོང་ཁྱེར་ནང་ཕྱི་ཟླ་ ༥ ཚེས་ ༢༡ དང་ ༢༢ བཅས་སུ་ཧི་མ་ལ་ཡའི་ཚོང་འདུས་ཐེངས་ ༣༦ པ་འདི་ཚོགས་ཀྱི་ཡོད་པ།
- 2022-05-21
-
-
-
Your browser doesn’t support HTML5 audio
ཨ་རིའི་ཁེ་ལི་ཕོར་ནི་ཡ་སྦརྐལི་གྲོང་ཁྱེར་ནང་ཕྱི་ཟླ་ ༥ ཚེས་ ༢༡ དང་ ༢༢ བཅས་སུ་ཧི་མ་ལ་ཡའི་ཚོང་འདུས་ཐེངས་ ༣༦ པ་འདི་ཚོགས་ཀྱི་ཡོད་ཅིང་། སྐབས་འདིར་ཨོ་ཌི་སི་གནའ་རབས་ཀྱི་གཞས་པ་དང་། རྒྱ་གར་གི་གནའ་དེང་གླུ་དབྱངས་འཁྲབ་སྟོན། ས་གནས་ཀྱི་འབྲུག་པ་དང་། བོད་མིའི་སྤྱི་མཐུན་ཚོགས་པའི་ཁྱབ་ཁོངས་བོད་མི་ཚོས་མཉམ་ཞུགས་ཀྱིས་རིག་གཞུང་དང་ཟས་རིགས་སོགས་ཀྱི་ཚོང་འདུས་གོ་སྒྲིག་གནང་གི་ཡོད་པ་རེད། ཚོང་འདུས་གོ་སྒྲིག་ཚོགས་ཆུང་གི་ངེས་སྟོན་པ་དཀོན་མཆོག་བཀྲིས་ལགས་ཀྱིས་ཚོང་འདུས་འདི་རིགས་བོད་མི་ཚོར་བོད་ཀྱི་ཆོས་དང་རིག་གཞུང་། ད་ལྟའི་བོད་མིའི་གནས་བབ་ངོ་སྤྲོད་བྱེད་རྒྱུའི་གོ་སྐབས་ཡག་པོ་ཞིག་ཡོང་གི་ཡོད་པས། བོད་མི་ཁ་འཐོར་གནས་ཡུལ་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་བོད་མིའི་སྤྱི་མཐུན་ཚོགས་པ་ཚོས་འདི་ལྟར་གོ་སྒྲིག་གནང་ཐུབ་ན་དགེ་ཚན་ཡོད་པ་གསུང་གི་འདུག ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། དཀོན་མཆོག་བཀྲིས་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག