པཎ་ཆེན་རིན་པོ་ཆེ་རྒྱ་གཞུང་ནས་བཙན་ཁྲིད་ཀྱིས་ལོ་ངོ་ ༢༥ ཧྲིལ་པོ་འཁོར་བ།

༢༠༢༠ ཕྱི་ཟླ་ ༥ ཚེས་ ༡༧ ཉིན་མོ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་བའི་༸པཎ་ཆེན་རིན་པོ་ཆེ་བཙན་ཁྲིད་ཀྱིས་ལོ་༢༥འཁོར་གྱི་ཡོད་པ་རེད།

པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་ཆེད་ལས་འགུལ་སྣ་ཚོགས། tyc

༄༅༎གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ༢༠༢༠ ཕྱི་ཟླ་ ༥ ཚེས་ ༡༧ ཉིན་མོ་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནག་ཆུ་ལྷ་རི་རྫོང་དུ་སྐུ་བལྟམས་པའི་ཁྱེའུ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༠ པའི་ཡང་སྲིད་དུ་ངོས་འཛིན་གསལ་བསྒྲགས་བསྐྱངས་ཏེ་ཉིན་གྲངས་གསུམ་གྱི་རྗེས་རྒྱ་ནག་གཞུང་གིས་བཙན་ཁྲིད་ཀྱིས་འདི་ལོ་བགྲང་བྱ་ ༢༥ ཧྲིལ་པོ་འཁོར་བ་དང་བསྟུན།   ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༠ པ་ཆེན་པོ་དགོངས་པ་མྱ་ངན་ལས་འདས་ཚུལ་བསྟན་པའི་སྐབས་གཞིས་ཀྱི་གདན་ས་བཀྲིས་ལྷུན་པོ་དགོན་པར་དངོས་སུ་ཡོད་པ་ད་ལྟ་བྱེས་ཀྱི་གདན་སའི་པཎ་ཆེན་ཨིརྟིནི་ཞབས་ཞུ་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་བློ་བཟང་རྡོ་རྗེ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༠ པའི་མཛད་རྗེས་དང་སྐུ་མྱ་ངན་ལས་འདས་པའི་སྐབས་ཀྱི་གནས་སྟངས་བཅས་ཀྱི་ཐད་གླེང་མོལ་ཞུས་པར་གསན་རོགས་གནང་།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org