ཨའོས་ཊེ་ལི་ཡ་སྦིརིས་སྦེན་དུ་བོད་ཀྱི་དུས་སྟོན་ཐེངས་ ༡༤པ།

ཕྱི་ཟླ་ ༤ ཚེས་ ༡ ནས་ ༡༥ བར་ཨའོས་ཊེ་ལི་ཡ་སྦིརིས་སྦེན་དུ་བོད་ཀྱི་དུས་སྟོན་ཐེངས་ ༡༤ པ་འདི་ཁུལ་དེའི་སྡེ་ཁག་ཅིག་དང་མཉམ་འབྲེལ་ཐོག་ནས་བོད་མི་སྒྱུ་རྩལ་བ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་གོ་སྒྲིག་གནང་ཡོད་པ།

བསྟན་འཛིན་ཆོས་རྒྱལ།

ཕྱི་ཟླ་ ༤ ཚེས་ ༡ ནས་ ༡༥ བར་ཨའོས་ཊེ་ལི་ཡ་སྦིརིས་སྦེན་དུ་བོད་ཀྱི་དུས་སྟོན་ཐེངས་ ༡༤ པ་འདི་ཁུལ་དེའི་སྡེ་ཁག་ཅིག་དང་མཉམ་འབྲེལ་ཐོག་ནས་བོད་མི་སྒྱུ་རྩལ་བ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་གོ་སྒྲིག་གནང་ཡོད་ཅིང་།  འདི་བརྒྱུད་དཔལ་འབྱོར་གྱི་ཡོངས་ཁུངས་བརྒྱུད་བོད་ཕྲུག་ཁྱིམ་སྡེར་རོགས་སྐྱོར་ཞུ་བཞིན་ཡོད་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  སྒྱུ་རྩལ་དང་བོད་དོན་འཐབ་རྩོད་ཅེས་པའི་བརྗོད་གཞིའི་ཐད་བསྟན་འཛིན་ཆོས་རྒྱལ་ལགས་དང་ལྷན་འདི་གའི་ལས་བྱེད་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org