ལྷོ་ཨ་ཕི་རི་ཀས་༧གོང་ས་མཆོག་ལ་ཐོངས་མཆན་འབུལ་མིན།

ལྷོ་ཨཕ་རི་ཀའི་སྲིད་འཛིན་གྱིས་༸གོང་ས་མཆོག་ལ་ཐོངས་མཆན་འབུལ་མིན་ཐད་ཐག་གཅོད་ཇི་བྱུང་སྐོར་ངོས་ནས་མཁྱེན་གྱི་མེད་ཅེས་གསུང།

༄༅༎ལྷོ་ཨཕ་རི་ཀའི་སྲིད་འཛིན་ཇེ་ཁོབ་ཛུ་མ་མཆོག་གིས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ ལྷོ་ཨཕ་རི་ཀར་ཆིབས་བསྒྱུར་གནང་རྒྱུའི་ཐོངས་མཆན་ཐད་ ཕྱི་སྲིད་དང་ མཉམ་འབྲེལ་ལྷན་ཁང་གིས་འབྲེལ་བ་གནང་གི་ཡོད་པ་ལས་ དེའི་ཐད་མཐའ་མའི་ཐག་གཅོད་ཇི་བྱུང་སྐོར་ ཁོང་གིས་ངོས་ནས་མཁྱེན་གྱི་མེད་ཅེས་སཱན་ཏོན་ཟེར་བའི་གྲོང་ཁྱེར་ནང་གི་ནིའུ་ཨེཇ་ཞེས་པ་དང་ SABC ཞེས་པའི་ གསར་འགྱུར་ལས་ཁང་གཉིས་ཀྱིས་གོ་སྒྲིག་འོག་སྔ་དྲོའི་ཞོགས་ཟས་མཆོད་པའི་སྐབས་སུ་ཚོང་པ་ཚོར་གསུང་ཡོད་པ་རེད་ ༸གོང་ས་མཆོག་གི་ཐོངས་མཆན་སྙན་ཞུའི་ཐད་ དེ་རིང་བཀའ་ལན་གནང་རྒྱུ་ཡིན་ཡང་ མིང་བཏོན་གནང་འདོད་མེད་པའི་ལྷོ་ཨཕ་རི་ཀའི་ཕྱི་སྲིད་ལྷན་ཁང་གི་དཔོན་རིགས་ཤིག་གིས་གསུང་ན་ རྒྱ་ནག་གཞུང་ལ་ཁོང་ཁྲོ་མི་སློང་བའི་ཆེད་དུ་གོང་ས་མཆོག་ལ་ཐོངས་མཆན་འབུལ་ཐོག་ཁག་པོ་མ་རེད་ཅེས་སཱན་ཏོན་ཟེར་བའི་ལྷོ་ཨཕ་རི་ཀའི་གྲོང་ཁྱེར་ནང་གི་གསར་ཤོག་གིས་གནས་ཚུལ་སྤེལ་འདུག་ ལྷོ་ཨཕ་རི་ཀའི་ཡེ་ཤུའི་ཆོས་དཔོན་ཌེ་སི་མེནཏ་ཀྲུ་ཀྲུ་མཆོག་དགུང་ལོ་ ༨༠ ཐམ་པར་ཕེབས་པའི་འཁྲུངས་སྐར་མཛད་སྒོར་ སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་མགོན་གཙོ་བོའི་གྲས་སུ་གདན་འདྲེན་ཞུས་པ་རེད་ ༸གོང་ས་མཆོག་ལ་ཐོངས་མཆན་ལ་་འབུལ་མིན་ཐད་ འབྲེལ་ཡོད་ཕྱི་འབྲེལ་ལྷན་ཁང་གིས་འབྲེལ་བ་གནང་གི་ཡོད་པ་སོང་ཙང་ ཁྱེད་ཀྱིས་ངའི་ས་ནས་ཐག་ཆོད་གཏན་འཁེལ་ཅན་གྱི་ལན་འདེབས་ཤིག་ཐོབ་ཀྱི་མ་རེད་བསམ་གྱི་འདུག་ཅེས་ཀྱང་ ལྷོ་ཨཕ་རི་ཀའི་སྲིད་འཛིན་ཇེ་ཁོབ་ཛུ་མ་མཆོག་གིས་གྲོང་ཁྱེར་དེའི་ནང་གི་གསར་ཤོག་ཁག་ལ་གསུང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org