རྒྱ་ནག་གཞུང་གི་བཀའ་འཁྲོལ་ཐོབ་རྗེས་བོད་ནང་ཟངས་ཀྱི་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་ཆེ་རུ་གཏོང་རྒྱུ་ཡིན་འདུག

ཛེ་ཅིན་གཏེར་ཁ་བསྔོག་འདོན་ཚོང་གཉེར་ཁང་གིས་བོད་ནང་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་རྒྱ་ཆེ་རུ་གཏོང་རྒྱུར་ཆོག་མཆན་ཐོབ་ཡོད་པ།

ཛེ་ཅིན་གཏེར་ཁ་བསྔོག་འདོན་ཚོང་གཉེར་ཁང་གིས་བོད་ནང་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་རྒྱ་ཆེ་རུ་གཏོང་རྒྱུར་ཆོག་མཆན་ཐོབ་འདུག ཪོའི་ཊརས།

རྒྱ་ནག་གི་གཏེར་ཁ་བསྔོག་འདོན་ཚོང་གཉེར་ཁང་ཛེ་ཅིང་ཟེར་བས་བོད་ནང་བསྔོག་འདོན་བྱེད་པའི་ཟངས་ཀྱི་གཏེར་ཁའི་ལས་གཞི་རྒྱ་ཆེ་རུ་གཏོང་རྒྱུར་རྒྱ་ནག་གཞུང་གི་ཆོག་མཆན་སྤྲད་དེ་ཚོང་ལས་ཁང་དེ་འཛམ་གླིང་ནང་ནས་ཟངས་ཀྱི་གཏེར་ཁ་བསྔོག་འདོན་བྱེད་མཁན་གྱི་ཚོང་གཉེར་ཁང་ཆེ་ཤོས་དེ་ཆགས་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག
དེ་ཡང་ཛེ་ཅིང་གཏེར་ཁ་བསྔོག་འདོན་ཁེ་གཉེར་ལས་ཁང་ལ་ས་གནས་རྒྱ་ནག་གཞུང་གི་ལས་གཞི་རྒྱ་བསྐྱེད་གཏང་རྒྱུའི་ཆོག་མཆན་ཐོབ་སྟེ། བོད་ནང་ཟངས་ཀྱི་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་ཆེ་རུ་གཏོང་རྒྱུ་ཡིན་པ་ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༢༣ གཟའ་པ་སངས་ཉིན་ཕྱིར་བསྒྲགས་བྱས་འདུག་ཅིང་། ཁེ་གཉེར་ལས་ཁང་དེར་བོད་ནང་ཟངས་ཀྱི་གཏེར་ཁ་བསྔོག་འདོན་ལས་གཞི་རྒྱ་ཆེ་རུ་གཏོང་རྒྱུའི་ལས་གཞི་རྒྱ་བསྐྱེད་ལེགས་གྲུབ་བྱུང་ན་ལོ་རེར་ཟངས་ཀྱི་གཏེར་ཁ་ལྗིད་ཚད་ཊོན་ཆིག་འབུམ་ལྔ་ཁྲི་ད་ཆ་བསྔོག་འདོན་ཆོག་གི་ཡོད་པའི་ཁར། ཊོན་ཉི་བརྒྱ་ཕར་མ་བཀའ་འཁྲོལ་ཐོབ་ཡོད་འདུག་པས། ལོ་རེར་ཟངས་གཏེར་ཊོན་གསུམ་འབུམ་ལྔ་ཁྲི་ཙམ་བསྔོག་འདོན་བྱེད་ཆོག་པའི་བཀའ་འཁྲོལ་ཐོབ་འདུག་ལ། དེ་ཡང་རྒྱ་ནག་ནང་གི་ཟངས་གཏེར་བསྔོག་འདོན་ཚོང་གཉེར་ཁང་ཆེ་ཤོས་དེ་ཆགས་རྒྱུ་མ་ཟད། ལོ་ལྟར་གཏེར་ཁ་བསྔོག་འདོན་ཊོན་ས་ཡ་བརྒྱ་ལྷག་བསྔོག་འདོན་བྱེད་ཐུབ་རྒྱུ་ཡིན་པའི་སྔོན་དཔག་བྱེད་ཀྱི་འདུག
གཏེར་ཁ་བསྔོག་འདོན་བྱེད་མཁན་གྱི་ཚོང་གཉེར་ཁང་བོད་ཀྱི་ Julong ཟངས་གཏེར་ཚོང་གཉེར་ཁང་འདི་བཞིན་ལྷ་ས་གྲོང་ཁྱེར་མལ་གྲོ་གོང་དཀར་རྒྱ་མ་རྫོང་གི་ཁོངས་སུ་དེབ་སྐྱེད་བྱེད་འདུག་ཅིང་། སྔ་ལོའི་ཕྱི་ཟླ་ ༥ པའི་ནང་གཏེར་ཁ་བསྔོག་འདོན་བྱེད་ཡུལ་འདི་ནས་ལས་མི་དྲུག་གཏེར་ཁ་བསྔོག་ཡུལ་གྱི་ཁུང་ནང་ཤོར་བའི་གནས་ཚུལ་བྱུང་ཡུལ་དེ་ཡིན་འདུག
ཛེ་ཅིན་གཏེར་ཁ་བསྔོག་འདོན་ཚོང་གཉེར་ཁང་གིས་བོད་ནང་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་རྒྱ་ཆེ་རུ་གཏོང་རྒྱུའི་ཆོག་མཆན་ཐོབ་སྟེ་ལས་གཞི་རིམ་པ་གཉིས་པ་སྤེལ་ཐོག ཟངས་ཀྱི་གཏེར་ཁ་བསྔོག་འདོན་བྱེད་མཁན་རྒྱ་ནག་ནང་གི་ཚོང་གཉེར་ཁང་ཆེ་ཤོས་དེ་ཆགས་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་འདུག
ཛེ་ཅིན་གཏེར་ཁ་བསྔོག་འདོན་ཚོང་གཉེར་ཁང་གིས་བརྗོད་པ་ལྟར་ན། ཚོང་གཉེར་ཁང་དེའི་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་རྒྱ་བསྐྱེད་གཏོང་ཆེད་ཁྱོན་མ་དངུལ་ཨ་སྒོར་ཐེར་འབུམ་གཉིས་དང་གྲངས་ཆུང་ ༤༣ ཙམ་གཏོང་རྒྱུ་ཡིན་ལུགས་བརྗོད་པ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཕྱོགས་གང་ས་ནས་གཏེར་ཁ་སྣེ་མང་བསྔོག་འདོན་བྱེད་མུས་ཡིན་པ་རེད། དཔེར་ན་སྤྱི་ལོ་༢༠༢༣ ཟླ་ ༧ ཚེས་ ༢༥ ཉིན་རྒྱ་ནག་གཞུང་འབྲེལ་གྱིས་གནས་ཚུལ་སྤེལ་བ་གཞིར་བཟུང་། བོད་དབུས་ཕྱོགས་ཀྱི་ལྷོ་ཁ་ཁུལ་དུ་ཀོ་ལྕགས་(Chromium) ཞེས་པའི་གཏེར་རྫས་བསྔོག་འདོན་བྱེད་ཡུལ་གྱི་ས་ཁུལ་ཁག་སླར་གསོ་ཡོང་ཆེད། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་ཞེས་པའི་ལས་གཞི་འགོ་འཛུགས་བྱས་ཡོད་པ་ཕྱིར་བསྒྲགས་བྱས་ཡོད་པ་དང་འབྲེལ་བའི་སྐོར་འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org