འགོ་ཁྲིད་ཁག་གཅིག་གིས་ལས་གནས་ནས་དགོངས་ཞུ།
ཡུལ་ཤུལ་རྫ་སྟོད་རྫོང་དུ་གྲོང་སྡེ་ཁག་གཅིག་ལ་རྒྱ་ནག་གཞུང་གིས་ཆེད་དུ་ས་གནས་བོད་མིར་ལྟ་རྟོག་ཆེད་བསྐོ་བཞག་བྱས་པའི་འགོ་ཁྲིད་ཁག་གཅིག་གིས་ལས་གནས་ནས་དགོངས་ཞུ་བྱས་ཡོད་པ་རེད།
-
2013-10-21 -
-
-
ཡུལ་ཤུལ་རྫ་སྟོད་རྫོང་དུ་གྲོང་སྡེ་ཁག་གཅིག་ལ་རྒྱ་ནག་གཞུང་གིས་ཆེད་དུ་ས་གནས་བོད་མིར་ལྟ་རྟོག་ཆེད་བསྐོ་བཞག་བྱས་པའི་འགོ་ཁྲིད་ཁག་གཅིག་གིས་ལས་གནས་ནས་དགོངས་ཞུ་བྱས་ཡོད་པ་རེད།
འདི་གའི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་ཀྱིས་གནས་ཚུལ་བཏང་དོན། ཉེ་བའི་ཕྱི་ཟླ་བརྒྱད་པའི་ཚེས་༡༧ཉིན་རྒྱ་ནག་གཞུང་གིས་ཡུལ་ཤུལ་རྫ་སྟོད་རྫོང་ཁོངས་སུ་གཏེར་ཁ་སྔོག་འདོན་བྱས་བའི་སྐབས། ས་གནས་མི་མང་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་དེར་ངོ་རྒོལ་བྱས་ཡོད་པ་དང་། མཚམས་འཇོག་དགོས་པའི་འབོད་སྐུལ་ཤུགས་ཆེ་ཞུས་ཡོད་ཀྱང་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ས་གནས་མང་ཚོགས་ཚོའི་ཐོག་དུག་རླངས་བཏང་བ་དང་། དྲག་གནོན་བྱས་ནས་མི་མང་པོར་རྨས་སྐྱོན་ཕོག་ཡོད།
ཟླ་༩བའི་༡༦ཉིན་ཉེ་བའི་ཆར་གཏེར་ཁ་སྔོག་འདོན་བྱེད་སའི་ས་གནས་བོད་མིའི་གྲོང་ཚོ་རིམ་པར་རྒྱ་ནག་གཞུང་གིས་ཆེད་མངགས་བསྐོ་བཞག་བྱས་བའི་འགོ་ཁྲིད་ཁག་གཅིག་ལས་གནས་ནས་ཕྱིར་འཐེན་བྱས་ཡོད་པ་དང་། ད་དུང་ཡང་རིམ་པས་གྲོང་ཚོ་གཞན་གྱི་འགོ་ཁྲིད་ཚོས་སོ་སོའི་ལས་གནས་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་ལུགས་བརྗོད་བཞིན་ཡོད་འདུག