བོད་མི་ཞིག་ཉེན་རྟོག་པས་གཅར་རྡུང་བཏང་ནས་བསད་འདུག
སྡེ་དགེ་རྫོང་ཁོངས་ནས་ཡིན་པའི་བོད་མི་གཡུ་འབྲུག་ཉི་མ་ཞུ་བ་ཞིག་ལ་རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་ཁྲོད་བསད་ཡོད་འདུག
-
2016-06-30 -
-
-
དེ་ཡང་འདི་གའི་གསར་འགོད་པས་བཏང་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༠་ཉིན་སྡེ་དགེ་རྫོང་རྫ་ཁོག་ཡུལ་ཚོའི་ཟམ་ཁ་སྡེ་བའི་གཡུ་འབྲུག་ཉི་མ་ལཊ། དབྱར་རྩ་དགུན་འབུ་བསྐོ་སའི་ལམ་བར་ནས་རྒྱ་ནག་གི་ཉེན་རྟོག་པས་ཁོང་ལ་མེ་མདའ་ཡོད་པ་རེད་ཅེས་བསྙོན་འཛུགས་བྱས་ཏེ། ར་གོག་ཡུལ་ཚོའི་ནང་བཙན་འཁྲིད་ཀྱིས་གཅར་རྡུང་དྲག་པོ་བཏང་ཡོད་པ་དང་། དེ་ནས་སྡེ་དགེ་རྫོང་ཐོག་ཏུ་འཁྲིད་ཡོད་ཀྱང་། ཕྱིས་སུ་ཉེན་རྟོག་ཕྱོགས་ནས་ཁོང་ལམ་བར་ནས་འདས་གྲོངས་སུ་ཕྱིན་སྐོར་སྡེ་དགེ་རྒྱལ་ཡོངས་ལྷན་ཚོཌ་ཀྱི་མི་སྣ་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་བསོད་ནམས་དབང་འདུས་ལཊ་སུ་འགྲེལ་བརྗོད་གནང་འདུག།
གཡུ་འབྲུག་ཉི་མ་ལགས་ཀྱི་ཕ་མིང་ལ་གཡང་དགའ་དང་། མ་མིང་ལ་མགོ་གྲོད་ཟེར་གྱི་ཡོད་པ་དང་། ད་ལྟ་རང་ལོ་༤༠་ཙམ་ཡིན་འདུག
གསར་འགོད་པ་ཀརྨ་རྒྱ་མཚོ།