ཡོན་ཏན་ཞི་ཕྲུག་ལགས་བཙོན་ཁང་ནས་བཙོན་གྲོལ་བྱུང་འདུག
རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དང་འབྲེལ་འཇུ་བཟུང་བྱས་བ་ཡོན་ཏན་ཞི་ཕྲུག་ལགས་རྒྱ་ནག་གི་བཙོན་ཁང་ནས་བཙོན་གྲོལ་བྱུང་འདུག
-
2017-02-02 -
-
-
Your browser doesn’t support HTML5 audio
སོག་ཚང་དགོན་དུ་དཀོན་མཆོག་བསོད་ནམས་ཀྱིས་རང་ལུས་མེར་བསྲེགས་དང་འབྲེལ་ནས་འཇུ་བཟུང་བྱས་བའི་གྲྭ་ཡོན་ཏན་ཞི་ཕྲུག་ལགས་ལོ་གསུམ་དང་ཟླ་དྲུག་རིང་བཙོན་འཇུག་རྗེས་རྒྱ་ནག་གི་བཙོན་ཁང་ནས་གློད་གྲོལ་བྱུང་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། མདོ་སྨད་ཟི་ཁྲོན་མཛོད་དགེ་རྗོང་ཐང་སྐོར་སོག་ཚང་དགོན་དུ་བོད་མི་གཞོན་སྐྱེས་དཀོན་མཆོག་བསོད་ནམས་ཀྱིས་ ༢༠༡༣་ལོའི་ཟླ་བ་བདུན་པའི་ནང་། རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་བསྲེགས་གནང་སྟེ། ཁོང་དེ་མ་ཐག་འདས་གྲོངས་སུ་སོང་བ་དང་སྟབས་བསྟུན་ས་གནས་རྒྱ་ནག་གཞུང་གིས་ཐང་སྐོར་ཡུལ་ཚོའི་བོད་མི་སེར་སྐྱ་༢༡་ཙམ་འཛིན་བཟུང་བྱས་པའི་ཁོངས་ནས། སོག་ཚང་དགོན་གྱི་རྒྱུད་པ་གྲྭ་ཚང་གི་དགེ་འདུན་པ་ཡོན་ཏན་ཞི་ཕྲུག་ལགས། ༢༠༡༣་ལོའི་ཟླ་བ་བདུན་པའི་ཚེས་༣༡་ཉིན་འཛིན་བཟུང་གིས་དཀོནམཆོག་བསོད་ནམས་ལགས་ཀྱི་རང་ལུས་མེར་བསྲེགས་དང་འབྲེལ་བ་ཡོད་ཚུལ་གྱི་དོགས་གཞིའི་འོག་རྒྱ་ནག་ཟི་ཁྲོན་ཞིང་ཆེན་གྱི་རྔ་བ་བོད་རིགས་རང་སྐྱོང་ས་ཁུལ་གྱི་འབྲིང་རིམ་མི་མང་ཁྲིམས་ཁང་ནས་དགེ་འདུན་པ་ཁོང་ལ་ལོ་གསུམ་དང་ཟླ་བ་དྲུག་གི་བཙོན་འཇུག་ཁྲིམས་ཐག་གཅད་ཡོད་པ་དང་། བཙོན་དུས་ཀྱི་དུས་ཚོད་ཡོངས་སུ་གཙང་རྗེས། ཉེ་ལམ་༢༠༡༧་ལོའི་ཕྱི་ཟླ་༡་པོའི་ཚེས་༣༡་ཉིན་བཙོན་ཁང་ནས་གློད་གྲོལ་གྱིས་ཕ་ཡུལ་དུ་འབྱོར་ཡོད་པ་རེད།
གནས་ཚུལ་འབྱུང་ཁུངས་ཀྱིས་གསུངས་ན། སོག་ཚང་དགོན་པའི་དགེ་འདུན་པ་ཡོན་ཏན་ཞི་ཕྲུག་ལགས་བཙོན་གྲོལ་ཐོབ་མ་ཐག་ཡིན་སྟབས་ད་ལྟ་ཁོང་ཕ་ཡུལ་གྱི་འབྲོག་སྡེ་ཁུལ་དུ་སྐུ་ངལ་གསོ་བཞིན་དུ་ཡོད་ནའང་རིམ་བཞིན་དགོན་པའི་ནང་ཆོས་ཞུགས་ཀྱིས་སྔར་རྒྱུན་ལྟར་ནང་ཆོས་ལ་སླབ་པ་སློབ་གཉེར་གནང་རྒྱུ་ཡིན་འདུག
དགེ་འདུན་པ་ཡོན་ཏན་ཞི་ཕྲུག་ལགས་ནི་དགུང་ལོ་༣༧་ཡས་མས་ཙམ་ཡིན་འདུག་ཅིང་ཆུང་དུས་ནས་སོག་ཚང་དགོན་དུ་ཆོས་ཞུགས་གནང་འདུག།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།