བོད་ནང་ལྕི་བ་འབུད་ཤིང་བྱས་བས་མིའི་གཟུགས་གཞི་ལ་གནོད་པ།

བོད་ནང་ཞིང་འབྲོག་ས་གནས་སུ་ལྕི་བ་འབུད་ཤིང་བྱེད་ཀྱི་ཡོད་པ་དེས་ཁང་པའི་ནང་གི་མཁའ་རླུང་སྦག་བཙོག་བཟོ་ཡི་ཡོད་འདུག

བོད་ནང་གི་འབྲོག་ཁྱིམ་ཞིག དྲ་བཤུས

བོད་ནང་ཞིང་འབྲོག་ས་གནས་སུ་ལྕི་བ་འབུད་ཤིང་བྱེད་ཀྱི་ཡོད་པ་དེས་ཁང་པའི་ནང་གི་མཁའ་རླུང་སྦག་བཙོག་བཟོ་ཡི་ཡོད་འདུག
དེ་ཡང་ཨ་རིའི་གྲོང་ཁྱེར་Georgiaནང་རྟེན་གཞི་བྱས་པའི་Emoryགཙུག་ལག་སློབ་གྲའི་སྤྱི་པའི་འཕྲོད་བསྟེན་ཐོག་ཞིབ་འཇུག་བྱེད་མཁན་གྱི་ཞིབ་འཇུག་སློབ་མ་Qingyang xiaoགིས་སྣེ་ཁྲིད་པའི་ཞིབ་འཇུག་ཚོགས་པ་ཞིག་བོད་ཀྱི་ནམ་ཁོ་ཞེས་པའི་འབྲོག་ཁུལ་དུ་༢༠༡༣ལོར་ཞིབ་འཇུག་བྱེད་པར་བསྐྱོད་ཡོད་ཅིང་། ས་གནས་དེ་བཞིན་རྒྱ་མཚོའི་ངོས་ནས་མི་ཊར་༤༧༣༠ཙམ་གྱི་མཐོ་ཚད་ཡོད་པ་དང་། མི་གྲངས་བཞི་སྟོང་ལྔ་བརྒྱ་ཙམ་གནས་སྡོད་བྱེད་བཞིན་ཡོད་ཅིང་། ས་གནས་དེའི་ནང་གི་ཡུལ་མི་ཚོའི་འབུད་ཤིང་གཙོ་བོ་ནི་ནོར་གྱི་ལྕི་བ་ཡིན་ཞིང་། ཞིབ་འཇུག་ཚོགས་པ་དེས་ས་གནས་དེའི་ཡུལ་མི་ཁྱིམ་ཚང་མི་འདྲ་བའི་ནང་ཕྱིན་ནས་ གློག་ཤུགས་ཀྱི་ཡོ་ཆས་བེད་སྤྱད་ནས་ཁང་པའི་ནང་བརྟག་དཔྱད་བྱས་པའི་སྐབས་ཁང་པའི་ནང་carban ཞེས་པའི་རྫས་འགྱུར་གྱི་དུག་རླངས་ནག་རྫས་ཀྱིས་ཁེངས་ཡོད་པ་དང་། ཁང་པའི་ནང་གི་མཁའ་རླུང་སྦག་བཙོག་བཟོ་ཡི་ཡོད་འདུག Carbanཞེས་པའི་རྫས་འགྱུར་གྱི་དུག་རླངས་ནག་རྫས་དེས་མིའི་གཟུགས་གཞིར་གནོད་སྐྱོན་བཏོང་གི་ཡོད་པ་མ་ཟད། གོ་ལའི་ཚ་དྲོད་འཕེལ་རྒྱུར་ཡང་ཤུགས་ཆེན་ཆེན་པོ་གཏོང་གི་ཡོད་པ་རེད། ཞིབ་འཇུག་བྱས་པའི་འབྲས་བུར། བོད་ཀྱི་ས་ཁུལ་དེའི་ནང་ནོར་གྱི་ལྕི་བ་འབུད་ཤིང་བྱས་ནས་དུག་རྫས་ནག་པོ་བཟོ་བའི་ཚད་གཞི་དེ་བཞིན་ལྕི་བ་འབུད་ཤིང་བྱེད་མཁན་གཅིག་མཚུངས་ཀྱི་ས་དམའ་བའི་རྒྱ་གར་དང་མེག་སེ་ཁོའོ་ལྟ་བུ་ལས་ལྡབ་གཅིག་ཙམ་གྱི་དུག་རྫས་ནག་པོ་དེ་མང་བ་བཟོ་གི་ཡོད་པ་བཀོད་ཡོད་འདུག    

གསར་འགོད་པ་འཆི་མེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org