ཨ་རིའི་ཤིན་ཅིང་དང་འབྲེལ་བའི་ཚོང་འབྲེལ་མཚམས་འཇོག་གི་དུས་བཀག་ཡོལ་འདུག

ཨ་མི་རི་ཀ་གཞུང་གིས་ཤིན་ཅིང་གི་གནད་དོན་དང་འབྲེལ་ཨ་རིའི་ཁེ་གཉེར་ལས་ཁང་ཁག་གིས་རྒྱ་ནག་དང་ཚོང་འབྲེལ་མཚམས་འཇོག་དགོས་པའི་དུས་བཀག་བཟོས་པ་དེ་ཡོལ་ཟིན་འདུག

རྒྱ་ནག་གཞུང་གིས་ཤིན་ཅིང་ཞེས་འབོད་པའི་ཤར་ཏུར་ཀིསུ་ཐན་ནང་། ༢༠༠༩ Reuters

ཨ་མི་རི་ཀ་གཞུང་གིས་ཤིན་ཅིང་གི་གནད་དོན་དང་འབྲེལ་ཨ་རིའི་ཁེ་གཉེར་ལས་ཁང་ཁག་གིས་རྒྱ་ནག་དང་ཚོང་འབྲེལ་མཚམས་འཇོག་དགོས་པའི་དུས་བཀག་བཟོས་པ་དེ་ཡོལ་ཟིན་འདུག
རྒྱ་ནག་གཞུང་གིས་ཤིན་ཅིང་ཞེས་འབོད་པའི་ཤར་ཏུར་ཀིསུ་ཐན་ནང་ངལ་རྩོལ་བསྒྱུར་བཀོད་ར་བ་ཁག་གི་ནང་། ཡུ་གུར་ཁ་ཆེའི་མི་རིགས་ཚོར་བཙན་ཤེད་ཀྱི་སྒོ་ནས་ཅ་དངོས་བཟོ་རུ་བཅུག་པའི་གནད་དོན་དང་འབྲེལ། ཨ་མི་རི་ཀའི་གཞུང་གིས་ཨ་རིའི་ཁེ་གཉེར་ལས་ཁང་ཁག་གིས་རྒྱ་ནག་དང་ཚོང་འབྲེལ་མཚམས་འཇོག་དགོས་པའི་དུས་བཀག་བཟོས་པ་དེ་ཡོལ་ཟིན་ཡོད་པ་དང་། ཤར་ཏུར་ཀིསུ་ཐན་ནང་གི་(Xinjiang Production and Construction Corp)འམ་ཤར་ཏུར་ཀིསུ་ཐན་གྱི་ཐོན་རྫས་དང་བཟོ་བསྐྲུན་རུ་ཁག་ཟེར་བའི་རྒྱ་ནག་གཞུང་འབྲེལ་ཕྱེད་དམག་དོན་དང་འབྲེལ་བའི་ཁེ་གཉེར་ལས་ཁང་དེས། ཤར་ཏུར་ཀིསུ་ཐན་གྱི་མི་འབོར་བརྒྱ་ཆ་༡༢ཙམ་ངལ་རྩོལ་བཀོལ་ནས་སིལ་བལ་གྱི་དངོས་ཟོག་བརྒྱ་ཆ་༡༧ལྷག་ཙམ་བཟོ་བསྐྲུན་བྱེད་དུ་འཇུག་བཞིན་པའི་གནས་ཚུལ་སོགས་དང་འབྲེལ། འདི་ལོའི་ཕྱི་ཟླ་༧ཚེས་༣༡ཉིན་ཨ་མི་རི་ཀའི་ནོར་སྲིད་ལྷན་ཁང་གི་ཁྱབ་ཁོངས་ཕྱི་རྒྱལ་གྱི་རྒྱུ་དངོས་ཐད་སྟངས་འཛིན་དོ་དམ་གནང་མཁན་ལས་ཁུངས་ཀྱིས་(Magnitsky)ཁྲིམས་གཞིའི་ཐོག་ནས་དཔལ་འབྱོར་ཉེས་ཆད་བཀེལ་ཡོད་ཅིང་། དེ་ནི་གཙོ་བོ་རྒྱ་ནག་གཞུང་འབྲེལ་གྱི་ཁེ་གཉེར་ལས་ཁང་དེས་ཤར་ཏུར་ཀིསུ་ཐན་གྱི་ཡུ་གུར་ཁ་ཆེའི་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་བཏང་བའི་རྐྱེན་གྱིས་ཡིན་པ་རེད།
ཨ་རིའི་ནོར་སྲིད་ལས་ཁང་གིས་ཐོག་མར་འདི་ལོའི་ཕྱི་ཟླ་༩ཚེས་༣༠བར་ཨ་རིའི་ཁེ་གཉེར་ལས་ཁང་ཁག་གིས་གོང་ཞུས་རྒྱ་ནག་གཞུང་འབྲེལ་གྱི་ཁེ་གཉེར་ལས་ཁང་དེ་དག་དང་འབྲེལ་ཐག་གཅོད་དགོས་པའི་དུས་བཀག་བཟོས་པ་དེ་ཕྱི་ཟླ་༡༡པའི་ཚེས་༣༠སྟེ་གཟའ་ཟླ་བའི་ཉིན་བར་ཕྱིར་འགྱངས་གནང་བའི་དུས་བཀག་དེ་ཡང་ཡོལ་ཟིན་ན་ཡང་། ཨ་རིའི་ཁེ་གཉེར་ལས་ཁང་ཁག་གིས་ཤར་ཏུར་ཀིསུ་ཐན་ནང་གི་ངལ་རྩོལ་བསྒྱུར་བཀོད་ར་བ་ཁག་གི་ནང་བཟོ་རུ་བཅུག་པའི་དངོས་ཟོག་ཁག་འཕྲལ་དུ་དབྱེ་བ་ཕྱེ་མ་ཐུབ་པའི་དཀའ་ངལ་ཡོད་པའི་རྒྱུ་མཚན་དྲངས་འདུག
དུས་བཀག་གཉིས་པ་དེ་ཡང་རྫོགས་པའི་རྗེས་སུ། ཨ་རིའི་ཁེ་གཉེར་ལས་ཁང་མང་པོས་ད་དུང་ཡང་དུས་ཚོད་ཕྱིར་འགྱངས་དགོས་པའི་འབོད་སྐུལ་ཞུས་འདུག
རྒྱ་ནག་གཞུང་འབྲེལ་གྱི་ཁེ་གཉེར་ལས་ཁང་(XPPC)ཞེས་པ་དེ་དང་། འཛམ་གླིང་ནང་གི་རྒྱལ་ཁབ་༡༤༧དང་ཚོང་འབྲེལ་སོགས་ཐད་ཁེ་གཉེར་ལས་ཁང་༨༦༢༦༠༠དང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པ་མ་ཟད། དེ་དག་ཁོངས་ནས་ཁེ་གཉེར་ལས་ཁང་༢༡༡༤ཨ་རིའི་ནང་རྟེན་གཞི་བྱས་ཡོད་པ་རེད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org