ཁ་བྲལ་བར་གདོང་ལེན་དྲག་པོ་བྱེད་དགོས་པའི་དུས་ཚོད་ཅིག་ཡིན།

དམར་ཤོག་ཚོཊ་པའི་དྲུང་ཆེ་ཡིས་དེང་སྐབས་ཁ་བྲལ་རིང་ལུཊ་ལ་ཁ་གཏད་གདོང་ལེན་དྲག་པོ་བྱེད་དགོས་པའི་དུས་ཚོད་ཅིག་ཡིན་ལུཊ་བརྗོད་འདུག

རྒྱ་ནག་གིས་ཤིན་ཅང་ཁུལ་དུ་དྲག་དྲག་གི་རྣམ་པ། ༢༠༡༤།༦།༣༠ AFP

དམར་ཤོག་ཚོཊ་པའི་དྲུང་ཆེ་ཡིས་དེང་སྐབས་ཁ་བྲལ་རིང་ལུཊ་ལ་ཁ་གཏད་གདོང་ལེན་དྲག་པོ་བྱེད་དགོས་པའི་དུས་ཚོད་ཅིག་ཡིན་ལུཊ་བརྗོད་འདུག  
དེ་ཡང་ཤར་ཏུར་ཀིསུ་ཐན་ནང་གི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་Zhang Chunxianཡིས་ཉེ་དུས་རྒྱ་ནག་གཞུང་འབྲེལ་ཚགས་པར་རྒྱ་ནག་མི་མང་ཉིན་རེའི་གསར་ཤོག་ཅེས་པའི་ནང་རྩོམ་ཡིག་རིང་པོ་ཞིག་བྲིས་པ་དེ་དེ་རིང་གཟའ་ལྷག་པའི་ཉིན་འགྲེམས་སྤེལ་བྱས་ཡོད་པ་དང་། དེའི་ནང་ཤིན་ཅང་དེ་བཞིན་དྲག་སྤྱོད་པས་འཚེ་བའི་བྱེད་སྒོ་ཧུར་བརྩོན་ཆེན་པོའི་སྒོ་ནས་སྤེལ་བཞིན་པའི་དུས་སྐབས་ཤིག་ཡིན་ཙང་དེང་སྐབས་ཁ་བྲལ་རིང་ལུགས་ལ་ཁ་གཏད་གདོང་ལེན་དྲག་པོ་བྱེད་དགོས་པའི་དུས་ཚོད་ཅིག་ཡིན་པ་དང་། ས་ཁུལ་དེས་ཁ་བྲལ་རིང་ལུགས་པ་ཚོའི་ཁ་གཏད་དུ་དྲག་ཤུགས་ཆེན་པོའི་སྒོ་ནས་གདོང་ལེན་བྱེད་ཀྱི་ཡོད་སྐོར་བྲིས་ཡོད་འདུག ད་དུང་ཁོ་པས་ཤིན་ཅང་དུ་ཁྲིམས་ལ་བློ་རྩ་བརྟན་པོའི་ངང་བརྟེན་ནས་དབང་བསྒྱུར་བྱེད་ཀྱི་ཡོད་ཚུལ་དང་། དྲག་སྤྱོད་པ་གཙོས་པའི་དགྲ་བོ་ཁག་ལ་རྒོལ་རྡུང་བཏང་བ་དང་ལོགས་སུ་གྲོགས་མེད་ཁེར་རྐྱང་དུ་བཞག་པ། དུས་མཚུངས་མངའ་ཁུལ་དེའི་གྲངས་ཉུང་མི་རིགས་ཁག་རྡོག་རྩ་ཆིག་སྒྲིལ་ཡོང་བ་དང་རྒྱལ་ཁ་ཐོབ་པའི་འཐབ་རྩོད་བྱེད་ཀྱི་ཡོད་སྐོར་བརྗོད་པ་མ་ཟད། དེའི་ཁར་རྒྱ་ནག་གི་ཁྲིམས་ཀྱི་ལམ་ལུགས་ཁོ་ན་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་ནུབ་ཕྱོགས་པའི་ཁྲིམས་ཀྱི་ལམ་ལུགས་དཔེ་མཚོན་རྩ་བ་ནས་བེད་སྤྱོད་བྱེད་ཀྱི་མེད་ལུགས་ལ་ནན་བརྗོད་བྱས་འདུག
ཕྱི་ལོ་༢༠༠༩་ལོར་ཤར་ཏུར་ཀིསུ་ཐན་གྱི་ས་གནས་ཡུ་གུར་མི་རིགས་དང་ཡུལ་དེའི་ནང་གནས་སྤོས་བྱས་པའི་རྒྱ་ཧན་མི་རིགས་གཉིས་དབར་མ་མཐུན་པའི་འཁྲུག་རྩོད་ཆེན་པོ་བྱུང་སྟེ་མི་གྲངས་༢༠༠་ཙམ་རྐྱེན་ལམ་དུ་ཕྱིན་པའི་རྗེས་སུ་ཕྱི་ལོ་༢༠༡༠་ལོར་Zhang Chunxian ཤིན་ཅང་གི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་ཡོད་པ་རེད།  

གསར་འགོད་པ་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org