ཞི་ཅིན་ཕིང་གིས་ཨོ་ལོམ་པིཀསི་རྩེད་འགྲན་འགོ་འབྱེད་མཛད་སྒོ་དང་བསྟུན་ནས་ཕྱི་འབྲེལ་གྱི་འབྲེལ་ལམ་སྲ་བརྟན་གཏོང་བཞིན་ཡོད་པ།

ཞི་ཅིན་ཕིང་གིས་པེ་ཅིན་དུ་དགུན་དུས་རྒྱལ་སྤྱིའི་ཨོ་ལོམ་པིཀསི་རྩེད་འགྲན་གྱི་འགོ་འབྱེད་མཛད་སྒོར་ཕེབས་པའི་ Serbiaདང་ Egypt་དང་Kazakhstanདང་Turkmenistan བཅས་ཀྱི་དཔོན་རིགས་དང་ཐུག་འཕྲད་བྱས་ཡོད་པ།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་། ཨེ་ཨེཕ་པི།

རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གིས་པེ་ཅིན་དུ་དགུན་དུས་རྒྱལ་སྤྱིའི་ཨོ་ལོམ་པིཀསི་རྩེད་འགྲན་གྱི་འགོ་འབྱེད་མཛད་སྒོར་ཕེབས་པའི་ Serbia,དང་ Egypt, Kazakhstan Turkmenistan གྱི་དཔོན་རིགས་དང་ཐུག་འཕྲད་བྱས་ཡོད་འདུག
ཨ་རི་སོགས་ནུབ་ཕྱོགས་ཡུལ་གྲུ་ཁག་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཛ་དྲག་གི་གནས་སྟངས་འོག་རྒྱ་ནག་གཞུང་གིས་པེ་ཅིན་ཨོ་ལོམ་པིཀསི་རྩེད་འགྲན་འགོ་འབྱེད་མཛད་སྒོ་དང་བསྟུན་ནས་ཕྱི་འབྲེལ་གྱི་འབྲེལ་ལམ་སྲ་བརྟན་གཏོང་བཞིན་ཡོད་ཅིང་། གཟའ་པ་སངས་ཉིན་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གིས་ར་ཤི་ཡའི་སྲིད་འཛིན་དང་གྲོས་མོལ་བྱས་ཡོད་པ་དང་། གཟའ་སྤེན་པའི་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དཔྱིད་གསར་དུས་ཆེན་གྱི་ཚོགས་འཛོམས་ཟེར་བའི་མིང་ཐོག་ནས་པེ་ཅིན་ཨོ་ལོམ་པིཀསི་རྩེད་འགྲན་གྱི་འགོ་འབྱེད་མཛད་སྒོར་ཕེབས་མཁན་གྱི་རྒྱལ་ཁབ་ཁག་གི་དཔོན་རིགས་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་དཔོན་རིགས་ཚོར་སྣེ་ལེན་ཟབ་རྒྱས་ཞུས་ཡོད་པ་རེད། ད་རེས་རྒྱ་ནག་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཁབ་ཁག་གི་དཔོན་རིགས་ཚོར་གསོལ་སྟོན་བཤམས་པ་དེ་ཡང་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གིས། ཕྱི་ལོ་༢༠༡༩་ལོའི་ལོ་མཇུག་ཏུ་རྒྱ་ནག་ནང་ཐོག་མར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བྱུང་བའི་རྗེས་རྒྱལ་སྤྱིའི་ཡུལ་གྲུ་ཁག་གི་དཔོན་རིགས་དང་མཉམ་འཛོམས་བྱས་པ་ཐོག་མ་དེ་ཡིན་པ་རེད། ད་རེས་པེ་ཅིང་ཨོ་ལོམ་པིཀསི་རྩེད་འགྲན་གྱི་འགོ་འབྱེད་མཛད་སྒོར་རྒྱལ་ཁབ་གསུམ་ཅུ་ལྷག་ཙམ་གྱི་དཔོན་རིགས་མ་གཏོགས་མཉམ་ཞུགས་བྱས་མེད་པ་དང་། ཨ་རི་དང་ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁབ་ཀྱི་དབུ་ཁྲིད་མང་ཆེ་བ་རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་ཧོང་ཀོང་སོགས་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་ཤུགས་ཆེ་གཏོང་བཞིན་པར་སྐྱོན་བརྗོད་གནང་སྟེ་པེ་ཅིང་ཨོ་ལོམ་པིཀསི་རྩེད་འགྲན་དུ་གཞུང་འབྲེལ་སྐུ་ཚབ་ཆེད་གཏོང་གནང་མེད་པ་རེད། རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་སྤེན་པའི་སྔ་དྲོ་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གིས་ Kazakhstan གྱི་སྲིད་འཛིན་Kassym-Jomart Tokayevདང་Serbia's སྲིད་འཛིན་ Aleksandar Vucic དེ་བཞིན་ Egypt གྱི་སྲིད་འཛིན་ Abdel Fatta Al-Sisi བཅས་དང་ཐུགས་འཕྲད་ཀྱིས། རྒྱ་ནག་གིས་སྤེལ་བའི་བརྒྱུད་གཅིག་ལམ་གཅིག་ཟེར་བའི་གཞི་རྩའི་འཛུགས་སྐྲུན་ལས་གཞིར་མ་རྩ་འཛུགས་འཇོག་དང་། དེ་བཞིན་ཏོག་དབྱིབས་རིམས་ནད་འགོག་ཐབས་ལས་དོན་ཐད་མཉམ་ལས་བྱེད་ཕྱོགས་སོགས་ཀྱི་སྐོར་ལ་གྲོས་མོལ་གནང་ཡོད་འདུག
གསར་འགོད་པ། ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org