བོད་མོ་ཟླ་བ་མཚོ་མོ་ཉེན་རྟོག་པས་གློ་བུར་བཟུང་འདུག
དྲ་ལམ་རྩོམ་བྲིས་བ་ཟླ་བ་མཚོ་མོ་ལགས་རྒྱ་ནག་གི་ཉེན་རྟོག་ཚན་པས་གློ་བུར་རྫ་སྟོད་ནས་འཇུ་བཟུང་བྱས་འདུག
-
2014-08-26 -
-
-
དྲ་ལམ་རྩོམ་བྲིས་བ་ཟླ་བ་མཚོ་མོ་ལགས་རྒྱ་ནག་གི་ཉེན་རྟོག་ཚན་པས་གློ་བུར་རྫ་སྟོད་ནས་འཇུ་བཟུང་བྱས་འདུག
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། སྤྱི་ལོ་༢༠༡༤ཟླ་༨ཚེས༢༣ཉིན་བོད་ནང་གི་བུད་མེད་རྩོམ་བྲིས་མ་ཟླ་བ་མཚོ་མོ་ཟེར་བས་དྲ་ལམ་ལ་ཆབ་སྲིད་ཀྱི་ནང་དོན་ལྡན་པའི་རྩོམ་ཡིག་སྤེལ་བ་དང་། རྒྱ་ནག་གི་དྲ་ལམ་སྒྲིག་ཁྲིམས་དང་འགལ་བའི་ཟིན་བྲིས་སྤེལ་བ་སོགས་ཀྱི་ནག་ཉེས་ཡོད་ཚུལ་གྱིས་རྫ་སྟོད་རྫོང་ནས་རྒྱ་ནག་གི་ཉེན་རྟོག་ཚན་པས་འཇུ་བཟུང་བྱས་ཡོད་པ་དང་། དེའི་ཐད་ས་གནས་བོད་མི་ཞིག་གིས་བརྗོད་དོན། ཟླ་བ་མཚོ་མོ་ནི་ནམ་རྒྱུན་རྩོམ་ཡིག་འབྲི་མཁན་ཞིག་ཡིན་པ་དང་། ཉེ་བའི་ཆར་ཁོ་མོས་སྐྱེ་རྒུ་མདོའི་ས་གནས་ཀྱི་བོད་མིའི་གནས་སྟངས་དང་། ལྷག་པར་རྒྱ་ནག་གི་ས་གནས་ལས་བྱེད་པ་ཚོས་བོད་མིའི་བདེ་སྡུག་གནས་སྟངས་ལ་བལྟ་རྟོགས་ཡག་པོ་བྱེད་ཀྱི་མེད་པ་སོགས་ཀྱི་ནང་དོན་ལྡན་པའི་རྩོམ་ཐུང་ཟིན་བྲིས་ཁག་གཅིག་སྤེལ་ཡོད་པ་དང་། ཁོ་མོ་འཇུ་བཟུང་བྱས་ནས་ཆུ་ཚོད་ཁ་ཤས་རྗེས་ཡུལ་ཤུལ་ཁུལ་ཐོག་ལ་ཁྲིས་ཡོད་པ་ལས་དེའི་རྗེས་ཀྱི་གནས་ཚུལ་གསལ་རྟོགས་མ་ཐུབ་པ་བརྗོད་བྱུང་།
གོང་བརྗོད་ཟླ་བ་མཚོ་མོ་ནི་ཡུལ་ཤུལ་རྫ་སྟོད་རྫོང་སྤྱི་རྫ་ས་ཆེན་སྡེ་བ་ནས་ཡིན་པ་རེད་འདུག
གསར་འགོད་པ་ཀླུ་འབུམ།