ལི་བི་ཡའི་གྱེན་ལོག་པས་རྒྱལ་སར་དཔུང་འཇུག

ལི་བི་ཡའི་མི་རིགས་ཚོས་མོ་ཨ་མར་ག་རྡ་ཕིས་ལོ་ངོ་༤༢རིང་རྒྱལ་ཁབ་དབང་བསྒྱུར་བྱས་པའི་ཉིན་མཐའ་མར་སླེབས་ཡོད་པར་དགའ་སྣང་།

༄༅༎ལི་བི་ཡའི་གྱེན་ལོག་པ་ཚོས་རྒྱལ་ས་ཀྲིརི་པོ་ལི་ཕལ་ཆེ་བ་ཁོང་ཚོའི་དབང་འོག་བསྡུས་ཟིན་པའི་གནས་སྟངས་འོག། ཨ་རིའི་སྲིད་འཛིན་ ཨོ་བ་མ་མཆོག་གིས་གཙོས་པའི་འཛམ་གླིང་གི་དབུ་འཁྲིད་མང་པོ་ཞིག་གིས་སྲིད་འཛིན་ག་རྡ་ཕི་ལ་ཕམ་ཉེས་ངོས་ལེན་བྱེད་དགོས་པའི་འབོད་སྐུལ་གནང་འདུག་ལ། འཛམ་གླིང་ཁྱོན་ཡོངས་ཀྱི་ནང་ཡོད་པའི་ལི་བི་ཡའི་མི་རིགས་ཚོས་མོ་ཨ་མར་ག་རྡ་ཕིས་ལོ་ངོ་༤༢རིང་རྒྱལ་ཁབ་དབང་བསྒྱུར་བྱས་པའི་ཉིན་མཐའ་མར་སླེབས་ཡོད་པར་དགའ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་རེད།

སྲིད་འཛིན་ག་རྡ་ཕིའི་སྲིད་དབང་ལ་ངོ་རྒོལ་གྱེན་ལངས་བྱས་ནས་ཟླ་བ་དྲུག་ཙམ་འགྲོ་གི་ཡོད་པ་དང༌། དུས་རིང་དེར་མི་མང་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད་པར་བརྟེན། མུ་མཐུད་མི་གསོད་ཁྲག་སྦྱོར་མི་ཡོང་བའི་དོན་དུ་འཛམ་གླིང་ཡུལ་ཁག་གི་དབུ་འཁྲིད་མང་པོ་ཞིག་ནས་ ལིབ་ཡའི་གྱེན་ལོག་པ་ཚོས་རྒྱལ་ས་ཀྲི་རི་ཕོ་ལི་བར་མདུན་སྐྱོད་བྱས་པར་བསྔགས་བརྗོད་དང༌། ག་རྡ་ཕི་ལ་མགོ་རྟགས་ཞུ་དགོས་རྒྱུའི་འབོད་སྐུལ་གནང་བཞག།

མའར་ཐ་ལྦིན་ཡདྲ་དུ་དགུང་སེང་ལ་ཕེབས་ཡོད་པའི་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གིས་ག་རྡ་ཕིའི་སྲིད་གཞུང་མཐར་སྐྲོད་གཏོང་རྒྱུའི་ལས་འགུལ་ལ་ལམ་ལྷོང་བྱུང་བཞིན་ཡོད་པ་དང༌། རྒྱལ་ས་ཀྲི་རི་པོ་ལི་དེ་བཞིན་གདུག་རྩུབ་ཆེ་བའི་སྲིད་གཞུང་གི་སྦར་མོ་ནས་ཤོར་བཞིན་ཡོད་སྐོར་གསུངས་ཏེ། ལི་བི་ཡའི་མང་ཚོགས་ཀྱིས་འཛམ་གླིང་སྤྱི་ལ་ཡོད་པའི་ཐོབ་ཐང་དང་རང་དབང་རྩོད་ལེན་བྱས་ཏེ། ཁོང་ཚོའི་རང་དབང་གི་འཐབ་རྩོད་དེ་བཞིན་དབང་འཛིན་པའི་ལྕགས་ཀྱི་སྦར་མོ་ལས་ནུས་ཤུགས་ཆེ་བ་ཡོད་པ་གསལ་བཏོན་བྱས་ཡོག་རེད་ཅེས་བསྒྲགས་གཏམ་སྤེལ་གནང་འདུག།

དབྱིན་ཇིའི་སྲིད་བློན་དྲེ་ལྦིདྲ་ཀེ་མེ་རེན་མཆོག་གིས་དགུང་སེང་གཏོང་མཚམས་བཞག་གནང་ནས་ ལིབ་ཡའི་ཐོག་གི་ཚོགས་འདུའི་ནང་མཉམ་ཞུགས་གནང་འདུག་ལ། ལིབ་ཡའི་ གྱེན་ལོག་པ་ཚོར་ཕྱི་ཕྱོགས་ཀྱི་རྒྱབ་སྐྱོར་སྣེ་འཁྲིད་གནང་མཁན་ ཕ་རེན་སི་སྲིད་འཛིན་ནི་ཀོ་ལ་སེ་སའར་ཀོ་ཛོ་མཆོག་ནས་ཀྱང་ག་རྡ་ཕི་ལ་མགོ་རྟགས་ཞུ་དགོས་རྒྱུའི་རེ་སྐུལ་གནང་བཞག།

ག་རྡ་ཕི་དམག་དཔུང་ཐོག་གནམ་ཐོག་ནས་གཏོར་རྒོལ་བཏང་མཁན་བྱང་མཚོ་ཨེཏ་ལེན་ཀྲིཀ་དམག་དོན་སྒྲིག་འཛུགས་ནས་ཀྱང་ག་རྡ་ཕི་ ལ་སྲིད་དབང་རྩིས་སྤྲོད་ཀྱིས་རྒྱལ་ཁབ་བསྐྱར་གསོའི་གོ་སྐབས་མང་ཚོགས་ལ་སྤྲོད་དགོས་རྒྱུའི་འབོད་སྐུལ་གནང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org