འཚམས་འདྲི་ལ་སྲིད་འཛིན་ཞེ་ཡིས་ཡ་ལན་སློག་མི་འདུག

ཉི་ཧོང་གི་སྲིད་བློན་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་ཐོག་མ་དེ་གནང་ཡོད་ཀྱང་འཚམས་འདྲིའི་སྐབས་རྣམ་འགྱུར་ཡག་པོ་བྱུང་མི་འདུག

ཉི་ཧོང་གི་སྲིད་བློན་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་སྐབས། ༢༠༡༤།༡༡།༡༠ AFP

ཉི་ཧོང་གི་སྲིད་བློན་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་ཐོག་མ་དེ་གནང་ཡོད་ཀྱང་འཚམས་འདྲིའི་སྐབས་རྣམ་འགྱུར་ཡག་པོ་བྱུང་མི་འདུག   
དེ་ཡང་རྒྱ་ནག་དང་ཉི་ཧོང་བར་འདས་པའི་ལོ་གཉིས་ཙམ་རིང་ཉེན་ཚབས་ཆེ་བའི་འཁོན་སེམས་དང་། སྡང་སེམས་བྱུང་བའི་རྗེས་སུ་རྒྱ་ནག་གི་རྒྱལ་ས་པེ་ཅིན་ནང་APECཞེས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་གྱི་ཚོགས་ཆེན་ཉིན་གཉིས་རིང་ཚོགས་བཞིན་པའི་ནང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་དབུས་པའི་ཆེས་མཐོའི་དཔོན་རིགས་ཁག་ལྷན་བཞུགས་གནང་ཡོད་པ་ལྟར། ཉི་ཧོང་གི་སྲིད་བློན་Shinzo Abe མཆོག་ཀྱང་ཆེད་ཕེབས་གནང་ཡོད་སྟབས། དེ་རིང་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་དང་ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་རྣམ་གཉིས་མི་མང་གི་ཚོགས་ཁང་ཆེན་མོ་ཟེར་བའི་ནང་དུས་ཡུན་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་རིང་མཇལ་འཕྲད་བཀའ་མོལ་ཐེངས་དང་པོ་གནང་འདུག དེ་ནི་འཛམ་གླིང་ནང་གི་དཔལ་འབྱོར་ཆེ་ཤོས་ཨང་གཉིས་པ་དང་གསུམ་པ་ཡིན་པའི་རྒྱལ་ཁབ་གཉིས་དབར་འབྲེལ་ལམ་བསྐྱར་གསོའི་ཆེད་མདུན་སྤོས་གོམ་པ་ཞིག་ཡིན་འདུག ཉི་ཧོང་གི་སྲིད་བློན་ཨ་བྷེ་མཆོག་ནས་ཤར་རྒྱ་ནག་རྒྱ་མཚོའི་ཁུལ་དུ་མ་འོངས་པར་ཉི་ཧོང་དང་རྒྱ་ནག་གཉིས་དབར་གདོང་ཐུག་སྔོན་འགོག་ཆེད་ཐད་ཀར་ཁ་པར་གསར་འཛུགས་བྱ་རྒྱུའི་སྐོར་སྲིད་འཛིན་ཞེ་ཅིན་ཕེན་ལ་གསུངས་པ་དང་། དེའི་ཐོག་ཉི་ཧོང་གིས་དོན་ཕན་ལྡན་པའི་ཕྱག་ལས་གནང་འགོ་འཛུགས་རྒྱུ་ཡིན་སྐོར་ཉི་ཧོང་གི་གསར་ལམ་ཁག་ལ་གསུངས་འདུག ཡིན་ནའི་ཆེས་མཐོའི་དཔོན་རིགས་གཉིས་ཀྱི་མཇལ་འཕྲད་སྐབས་སུ་ཡུལ་གྲུ་གཉིས་དབར་མ་མཐུན་པའི་གནད་དོན་གཏིང་ཟབ་ཡོད་པ་འདྲ་པར་ཁག་ནས་གསལ་པོ་མཐོང་རྒྱུ་ཡོད་ཅིང་། ཐོག་མར་ཁོང་གཉིས་ཕྱག་གཏོང་རེས་གནང་སྐབས་རྣམ་འགྱུར་ཡག་པོ་མེད་པ་མ་ཟད། ཤིན་ཛོ་ཨེ་བྷེ་མཆོག་གིས་འཚམས་འདྲི་གནང་བར་ཞེ་ཅིན་ཕེན་གྱིས་དེར་ཡ་ལན་མ་སློག་པའི་གནས་ཚུལ་ཡང་བྱུང་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org