འཛམ་གླིང་ནང་པའི་གླེང་སྟེཌ་གཉིས་པ་རྒྱ་ནག་ཏུ་ཚོཌ་པ།
འཛམ་གླིང་ནང་པའི་གླེང་སྟེགས་ཐེངས་གཉིས་པ་དེ་བཞིན་གཟའ་སྤེན་པའི་ཉིན་རྒྱ་ནག་གི་ཅང་སུའི་ཞིང་ཆེན་ལྦུའུ་ཤིའི་ས་གནས་སུ་ཚུགས་ཡོད་པ།
-
2009-03-28 -
-
-
འཛམ་གླིང་ནང་པའི་གླེང་སྟེགས་ཐེངས་གཉིས་པ་དེ་བཞིན་གཟའ་སྤེན་པའི་ཉིན་རྒྱ་ནག་གི་ཅང་སུའི་ཞིང་ཆེན་ལྦུའུ་ཤིའི་ས་གནས་སུ་ཚུགས་ཡོད་པ་དང་ལྷན་ཚོགས་ཐོག་རྒྱལ་ཁབ་ལྔ་ཅུ་ཙམ་ནས་ནང་པའི་ཆོས་ལུགས་མི་སྣ་དང་དེ་བཞིན་ནང་ཆོས་སློབ་གཉེར་གནང་མཁན་མི་གྲངས་ཆིག་སྟོང་བདུན་བརྒྱ་ལྷག་ཙམ་མཉམ་བཞུགས་གནང་ཡོད་ཅིང་འཛམ་གླིང་ནང་པའི་གླེང་སྟེགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པན་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་རྒྱལ་མཚན་ནོར་བུས་གཏམ་བཤད་སྤེལ་བའི་ནང་ད་རེས་ཀྱི་ལྷན་ཚོགས་དེའི་ཐོག་ནས་རྒྱ་ནག་གི་སྤྱི་ཚོགས་བརྟན་ལྷིང་དང་ཆོས་ལུགས་རང་དབང་ཡོད་པ་དེ་མཐོང་ཐུབ་པ་ཞིག་ཡིན་ལུགས་དང་རྒྱ་ནག་དེ་བཞིན་འཛམ་གླིང་ཞི་བདེ་སྐྲུན་རྒྱུར་སྐུལ་སྤེལ་བྱེད་མཁན་གྱི་ཡུལ་གྲུ་ཞིག་ཡིན་ལུགས་སོགས་གཏམ་བཤད་སྤེལ་ཡོད་པ་རེད། དུས་ཡུན་ཉིན་གྲངས་ལྔའི་རིང་ཚོགས་རྒྱུའི་འཛམ་གླིང་ནང་པའི་གླེང་སྟེགས་ལྷན་ཚོགས་དེ་བཞིན་ཕྱི་ཚེས་ཉི་ཤུ་བརྒྱད་དང་ཉི་ཤུ་དགུ་བར་རྒྱ་ནག་གི་ལྦུའུ་ཤིའི་ས་གནས་སུ་ཚུགས་རྒྱུ་དང་དེ་རྗེས་ཕྱི་ཚེས་སུམ་ཅུ་ཉིན་ཚོགས་བཞུགས་མི་སྣ་ཚོ་ཐད་ཀར་མཁའ་ཐོག་ནས་ཐེ་དབན་གྱི་རྒྱལ་ས་ཐད་བད་དུ་འཕུར་བསྐྱོད་བྱས་ནས་ཕྱི་ཚེས་སུམ་ཅུ་སོ་གཅིག་ནས་ཕྱི་ཟླ་བཞི་པའི་ཚེས་གཅིག་ཉིན་ཐད་བད་དུ་ལྷན་ཚོགས་མུ་མཐུད་གནང་རྒྱུ་ཡིན་འདུག།