དགེ་རྒན་ཟབ་སྦྱོང༌ཐོག་གསུང་བཤད།
སྲིད་སྐྱོང་མཆོག་གིས་དགེ་རྒན་ཟབ་སྦྱོང་གི་སྟེང་བོད་མི་དགེ་རྒན་ཚོེར་བོད་དོན་འཐབ་རྩོད་ཀྱི་དམིགས་བསལ་འགན་ཁུར་ཡོད་པ་གསུངས་ཡོད་པ།
-
2013-06-22 -
-
-
Your browser doesn’t support HTML5 audio
༄༅༎བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་དང་ས་ཁམས་དཔྱད་ཞིབ་ཀྱི་དུས་དེབ་གྲགས་ཅན།national་geographic་་explorerགཉིས་མཉམ་འབྲེལ་གྱི་སྒོ་ནས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་སློབ་གྲྭ་ཁག་ལྔ་ལ། དེང་རབས་ཀྱི་དམིགས་བསལ་སློབ་གསོའི་ཐབས་ལམ་དང་འཕྲུལ་རྩལ་གྱི་དཔེ་སྟོན་སློབ་གསོའི་ལམ་ལུགས་བེད་སྤྱོད་ཀྱིས། བོད་མི་སློབ་ཕྲུག་ཉིས་སྟོང་ལྷག་ཙམ་ལ་འཛམ་གླིང་གི་ཁོར་ཡུག་དང་ཨིན་ཇི་སྐད་ཡིག། ཚན་རིག་བཅས་ཀྱི་སྐོར་ལ་དམིགས་བསལ་གྱི་ཤེས་ཡོན་སློབ་གསོ་སྤྲོད་རྒྱུའི་ཆེད་དུ། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་དགེ་རྒན་༣༥ཙམ་ལ། དེ་རིང་སྤྱི་ཚེས་༢༢་ནས་༢༣་བར་དུ་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་སུ་ཡོད་པའི་ས་ར་མཐོ་སློབ་ཏུ་ཟབ་སྦྱོང་འགོ་འཛུགས་གནང་ཡོད་པ་དང་། མཛད་སྒོ་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གདན་ཞུས་ལྟར་ཕེབས་ཡོད་པ་དང༌། དེར་སྲིད་སྐྱོང་མཆོག་གིས་ད་རེས་ཀྱི་ལས་རིམ་འདི་ཧ་ཅང་གིས་བོད་མིའི་སློབ་གྲྭ་ཁག་ནང་འཚམས་པོ་ཆགས་ཡོད་པ་དང་། ཐབས་ལམ་དང་འཕྲུལ་རྩལ་གྱི་ལས་རིམ་དེ་རིགས་ཡང་དང་བསྐྱར་དུ་དུས་ཡུན་རིང་པོར་ལག་ལེན་དང་། སློབ་གྲྭ་ཁག་ནང་རྒྱ་ཁྱབ་དུ་རིམ་པས་བེད་སྤྱོད་ལག་བསྟར་བྱེད་པ་བརྒྱུད་དེ། ཤེས་ཡོན་སློབ་གསོའི་སྟེང་ཞབས་འདེགས་དང་ནུས་པ་ཆེན་པོ་འཐོན་ཐུབ་ཀྱི་ཡོད་རེད། བོད་མིའི་སྤྱི་ཚོགས་ལ་སློབ་གསོ་སྤྲོད་རྒྱུ་ནི་སྤྱིར་བཏང་གི་སྤྱི་ཚོགས་ཤིག་ཏུ་སློབ་གསོ་ཕུལ་རྒྱུ་དང་མི་འདྲ་བར། དེ་ནི་བོད་མི་རྣམས་འབྱུང་འགྱུར་འཐབ་རྩོད་ཀྱི་འགོ་ཁྲིད་ཚད་ལྡན་ཞིག་ཆགས་རྒྱུ་དང་། བོད་མིའི་འཐབ་རྩོད་བརྟན་པོ་ཡོང་ཆེད་དུ་ཡིན་སྟབས། འགན་ཁུར་འདི་རིགས་བོད་མི་ཡོངས་རྫོགས་ལ་ཡོད་པ་མ་ཚད། དགེ་རྒན་ཚོ་ལ་དམིགས་བསལ་གྱི་འགན་ཁུར་ཡོད་པ་གསུངས་འདུག།
ཞིབ་ཕྲའི་གནས་ཚུལ་འདིར་གསན་རོགས་ཞུ།