ཀ་ར་ཅིའི་ནང་བར་བརྒལ་འོས་བསྡུའི་སྔ་ནུབ་འཁྲུག་རྩོད།

པ་ཀིསྟན་གྱི་གྲོང་ཁྱེར་ཆེ་ཤོས་ནང་ས་གནས་ཀྱི་བར་བརྒལ་གྱི་འོས་བསྡུའི་སྔ་ནུབ་ཏུ་དྲག་རྒོལ་ནང་ཡུལ་མི་༢༢རྐྱེན་ལམ་དུ་ཕྱིན་ཡོད་འདུག

༄༅༎པ་ཀིསྟན་གྱི་གྲོང་ཁྱེར་ཆེ་ཤོས་ནང་ས་གནས་ཀྱི་བར་བརྒལ་གྱི་འོས་བསྡུའི་སྔ་ནུབ་ཏུ་དྲག་རྒོལ་ནང་ཡུལ་མི་༢༢རྐྱེན་ལམ་དུ་ཕྱིན་ཡོད་འདུག

རེས་གཟའ་ཉིན་གནང་བའི་བར་བརྒལ་གྱི་འོས་བསྡུའི་ཐོག་ནས་པ་ཀིསྟན་གྱི་མཚོ་ཁའི་ཁྲོམ་ར་ཆེ་ཤོས་ཀྱི་གྲོང་ཁྱེར་ཀ་ར་ཅིའི་ནང་མི་རིགས་དང་ཆབ་སྲིད་ཀྱི་འཁོན་རྩོད་གསར་པ་ལངས་རྒྱུའི་ཉེན་ཁ་ཡོད་ལུགས་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བཞིན་པ་རེད། འདི་ལོ་ཕྱི་ཟླ་བརྒྱད་པའི་ནང་གྲོང་ཁྱེར་གྱི་སྲིད་དོན་ཚོགས་པ་ཆེ་ཤོས་མུ་ཏ་ཧི་རྡི་ཁོ་འ་མི་ཞེས་པའི་འཐུས་མི་ཞིག་དྲག་སྤྱོད་པས་རྐྱེན་ལམ་དུ་བཏང་བའི་རྗེས་ཀྱི་འཐབ་རྩོད་ནང་ཡུལ་མི་བརྒྱ་ཙམ་གྱི་ཚེ་སྲོག་ཤོར་བ་རེད། 

རེས་གཟའ་སྤེན་པའི་ཉིན་བར་བརྒལ་གྱི་འོས་བསྡུ་སྔ་ནུབ་ཀྱི་འཁྲུག་རྩོད་ནང་ནང་ཡུལ་མི་༢༢རྐྱེན་ལམ་དུ་ཕྱིན་པ་དེས་དྲག་ལས་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་ཡོད་འདུག གོང་ཞུས་མུ་ཏ་ཧི་རྡི་ཚོགས་པའི་ཁ་གཏད་པ་ཤེ་ཏུན་མི་རིགས་ལས་གྲུབ་པའི་ཨ་ལྦ་མི་རྒྱལ་ཡོངས་ཚོགས་པས་བར་བརྒལ་གྱི་འོས་བསྡུ་དྲང་བདེན་ཡོང་རྒྱུར་ཐེ་ཚོམ་གྱིས་འོས་བསྡུར་མཉམ་ཞུགས་མི་བྱེད་རྒྱུའི་ཐག་གཅོད་བྱས་ཡོད་འདུག མུ་ཏ་རྡི་ཚོགས་པས་ ཁ་གཏད་ཨ་ལྦ་མི་ཚོགས་པས་དྲག་རྒོལ་འགོ་འཛུགས་བྱས་ཡོད་ལུགས་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག བར་བརྒལ་གྱི་འོས་བསྡུའི་གསལ་བསྒྲགས་བྱས་པ་ཐག་ཨ་ལྦ་མི་ཚོགས་པའི་མི་སྣས་དྲག་རྒོལ་འགོ་འཛུགས་ཀྱི་ད་བར་ཡུལ་མི་༢༥རྐྱེན་ལམ་དུ་བཏང་ཡོད་ལུགས་མུ་ཏ་རྡི་ཚོགས་པས་ཡིག་ཐོག་གསལ་བསྒྲགས་བྱས་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org