མེ་ཤུཊ་འཕུར་མདའ་གཏོང་བྱེད་ཀྱི་འཕྲུལ་འཁོར་འོར་འདྲེན་བྱས་བ།

ཝེ་ཏི་ནམ་གྱིས་གསང་བའི་ངང་རྩོད་གཞི་ཅན་གྱི་ལྷོ་རྒྱ་ནག་རྒྱ་མཚོའི་སྟེང་མེ་ཤུཊ་འཕུར་མདའ་གཏོང་བྱེད་ཀྱི་འཕྲུལ་འཁོར་འོར་འདྲེན་གནང་ཡོད་འདུག

ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ། ༢༠༡༥།༥།༢༠ US NAVY

ཝེ་ཏི་ནམ་(Vietnam)གྱིས་རྩོད་གཞི་ཅན་གྱི་ལྷོ་རྒྱ་ནག་རྒྱ་མཚོའི་སྟེང་མེ་ཤུགས་འཕུར་མདའ་གཏོང་བྱེད་ཀྱི་འཕྲུལ་འཁོར་འོར་འདྲེན་གནང་ཡོད་འདུག
དེ་ཡང་Reuter་གསར་ཁང་གིས་ནུབ་ཕྱོགས་ཀྱི་ཕྱི་འབྲེལ་མི་སྣ་དང་དམག་དོན་དཔོན་རིགས་ཁག་གིས་གནས་ཚུལ་བརྗོད་པ་ལུང་འདྲེན་བྱས་པར་ལྟར་ན། ཉེ་བའི་ཟླ་ཤས་རིང་ཝེ་ཏི་ནམ་Vietnam་གྱིས་མེ་ཤུགས་འཕུར་མདའ་གཏོང་བྱེད་ཀྱི་འཕྲུལ་འཁོར་གསང་བའི་ངང་Vietnam་ས་ཁོངས་ནས་རྩོད་གཞི་ཅན་གྱི་ལྷོ་རྒྱ་ནག་རྒྱ་མཚོའི་སྟེང་གི་གནས་གཞི་ཁག་ལྔར་འོར་འདྲེན་བྱས་ཟིན་ཡོད་ཅིང་། བྱ་འགུལ་དེས་Vietnam་དང་རྒྱ་ནག་ཕན་ཚུན་གྱི་འབྲེལ་ལམ་དངངས་འཚབ་ཅན་དུ་གྱུར་སྲིད་པ་ཡིན་འདུག
གོང་ཞུས་མེ་ཤུགས་འཕུར་མདའ་གཏོང་བྱེད་ཀྱི་འཕྲུལ་འཁོར་དེ་དག་བར་སྣང་སྲུང་ལྟ་ལ་ལམ་ལྷོང་ངང་གཟུར་གཡོལ་ཐུབ་པ་བྱས་ཏེ་བཅོས་མའི་མཚོ་གླིང་ཐོག་འོར་འདྲེན་བྱས་ཐུབ་པ་བྱུང་ཡོད་འདུག ཡིན་ནའང་ད་ལྟའི་ཆར་འགྲེམས་འཇོག་ཆ་ཚང་ཟིན་ཐུབ་མེད་པ་ཡིན་འདུག འབྱུང་འགྱུར་ཉི་མ་གཉིས་ནས་གསུམ་གྱི་ནང་ཚུད་མེ་ཤུགས་འཕུར་མདའ་གནས་གཞི་དེ་དག་ཐོག་ཏུ་འོར་འདྲེན་ཟིན་ཏེ་འགྲེམས་འཇོག་ཐུབ་པ་བྱུ་རྒྱུ་ཡིན་འདུག
ཝེ་ཏི་ནམ་Vietnam་ཕྱི་སྲིད་བློན་ཆེན་གྱིས་གནས་ཚུལ་འདིའི་ཐད་གསལ་བཤད་གང་ཡང་ཞུས་མེད་པ་རེད་འདུག
ད་རེས་ཝེ་ཏ་ནམ་Vietnam་གྱི་བྱ་འགུལ་དེ་ནི་རྒྱ་ནག་གིས་ལྷོ་རྒྱ་མཚོའི་སྟེང་བཅོས་མའི་གླིང་ཕྲན་བརྒྱབ་ནས་བདག་དབང་བྱེད་ཐབས་བྱེད་བཞིན་པར་དགག་ལན་ཡིན་པ་ཚོད་དཔག་བྱེད་བཞིན་པ་རེད།

གསར་འགོད་པ་གུ་རུ་ཆོས་སྐྱིད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org