ཨ་རིའི་གཞུང་ཚབ་ནས་འབོད་སྐུལ།

ཨ་རིའི་གཞུང་ཚབ་ནས་བོད་རང་སྐྱོང་ལྗོངས་ཀྱི་འགོ་འཁྲིད་ཚོར་བོད་ཀྱི་རིག་གཞུང་ལ་བདག་གཅེས་སྲུང་སྐྱོབ་དགོས་པའི་འབོད་སྐུལ་གནང་བ།

ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Patrick Vintrell ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲ་གནས།

༄༅༎ཁ་སང་ཕྱི་ཟླ་ ༦ ཚེས་ ༢༨ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱུན་ལྟར་གྱི་གསར་འགོད་དྲི་ལན་སྐབས། ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Patrick Vintrell  གྱིས་གསུངས་པ་ལྟར་ན། སྐུ་ཞབས་གྷེ་རི་ལོཀ་གིས་བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་དྲུང་ཆེ་ གྲན་ ཆུའང་གོ་དང་ལྷ་ས་གྲོང་ཁྱེར་གྱི་ཏང་གི་དྲུང་ཆེ་ ཆེ་དགྲ་ལྷ་སོགས་འགོ་འཁྲིད་ཁག་གཅིག་དང་མཇལ་འཕྲད་གནང་འདུག་ཅིང་། མཇལ་འཕྲད་དེའི་སྐབས་ལྷ་ས་གྲོང་ཁྱེར་གྱི་ཉེ་འཁོར་གྱི་དགེ་འདུན་པའི་འགོ་འཁྲིད་ཁག་གཅིག་ཀྱང་མཉམ་ཞུགས་བྱས་ཡོད་པ་རེད་ལ། དེ་བཞིན་གཞུང་ཚབ་ཆེན་མོས་བོད་རང་སྐྱོང་ལྗོངས་ཀྱི་འགོ་འཁྲིད་ཚོར་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་སོགས་བདག་གཅེས་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ནན་པོ་གནང་པར་མ་ཟད། རང་ལུས་མེར་བསྲེགས་གཏོང་བའི་གནད་དོན་ཐད་ཐུགས་འཚབ་ཆེན་པོ་ཡོད་པ་གསལ་བཤད་གནང་འདུག།
ད་དུང་ཉིན་ཤས་གོང་གནས་ཚུལ་ཐོན་པར་གཞིགས་ན། སྐུ་ཚབ་ གྷེ་རི་ལོཀ་མཆོག་གིས། བོད་ནང་ཕྱི་རྒྱལ་གསར་འགོད་པ་དང་ཡུལ་འཁོར་སྤྲོ་འཆམ་པ་སོགས་འགྲོ་བསྐྱོད་ཆོག་པའི་རང་དབང་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་ཡང་གནང་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org