རྒྱ་ནག་ནང་ཡེ་ཤུའི་ཆོས་དཔོན་འཛིན་བཟུང་བྱས་ཡོད་པ།
རྒྱ་ནག་གཞུང་གིས་ངོས་འཛིན་མེད་པའི་ཡེ་ཤུའི་ཆོས་བྱེད་པ་༥༠ཙམ་འཛིན་བཟུང་བཀག་ཉར་གྱིས་འགོ་ཁྲིད་ཚོ་བཟང་བཙོན་དུ་བཅུག་འདུག
-
2011-04-17 -
-
-
༄༅༎རྒྱ་ནག་ནང་གཞུང་གིས་ངོས་འཛིན་མེད་པའི་ཡེ་ཤུའི་ཆོས་བྱེད་པ་ལྔ་བཅུ་ཙམ་འཛིན་བཟུང་བཀག་ཉར་གྱིས་དེ་དག་གི་འགོ་ཁྲིད་ཚོ་བཟང་བཙོན་དུ་བཅུག་ཡོད་འདུག
བྭེ་ཅིང་ནང་རྟེན་གཞི་བྱས་པའི་ཧྲའོ་ལྦང་ཡེ་ཤུ་ལྷ་ཁང་གི་ཆོས་དཔོན་ཇིན་ཏིའན་མིངྒ་རེས་གཟའ་སྤེན་པའི་དགོང་དྲོ་འཛིན་བཟུང་གིས་རེས་གཟའ་ཉི་མའི་སྔ་དྲོ་གློད་བཀྲོལ་བཏང་ཡོད་ལུགས་ཡེ་ཤུའི་ཐོབ་ཐང་ཚོགས་པ་ཅའི་ན་ཨེཌི་ཨེ་སོ་སེ་ཤོན་(China Aid Association)ཞེས་པས་འགན་འཛིན་སྦོཔ་ཕུ་ཡིས་མྱུར་འཕྲིན་སྤེལ་ཡོད་འདུག རེས་གཟའ་ཉི་མའི་ཉིན་གོང་ཞུས་ལྷ་ཁང་གི་ཚོགས་མི་༤༧གྱིས་མངོན་གསལ་དོད་པའི་ངང་ཆོས་བྱེད་སྐབས་ཉེན་སྲུང་བ་ཁོང་རྣམས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད་ཆོས་དཔོན་རྣམས་བཟང་བཙོན་དུ་བཅུག་ཡོད་ལུགས་ཆོས་དཔོན་སྦོཔ་ཕུ་ཡིས་གསུངས་གནང་འདུག དེའི་གོང་ལ་གཞུང་གི་ངོས་འཛིན་མེད་པའི་ཡེ་ཤུའི་ལྷ་ཁང་ལ་དམ་བསྒྲགས་ཀྱི་རྐྱེན་པས་ཆོས་མེད་པ་མང་དག་ཞིག་གི་ལས་ཀ་ཤོར་བའམ་ཁང་པ་ཤོར་བ་སོགས་བྱུང་ཡོད་ལུགས་སྦོཔ་ཕུ་ཡིས་བསྐྱར་བརྗོད་གནང་འདུག རྒྱ་ནག་གི་རྩ་ཁྲིམས་ནང་ཆོས་དད་རང་དབང་གྱི་ཆ་རྐྱེན་སྤྲད་ཡོད་ཀྱང་ཡེ་ཤུ་ཚོ་གཞུང་འབྲེལ་གྱི་ཆོས་ཚོགས་གཉིས་ཡོད་པ་དེ་གཉིས་སུ་མ་གཏོགས་ཞུགས་ཆོག་གི་མེད་པ་རེད། འོན་ཀྱང་ཡེ་ཤུ་ས་ཡ་དྲུག་བཅུ་ཙམ་དེབ་སྐྱེལ་མ་བྱས་པའི་སྒེར་གྱི་ཁང་པའི་འདུ་འཛོམས་བྱེད་བཞིན་པ་རེད། གཞུང་འབྲེལ་ཡེ་ཤུའི་ལྷ་ཁང་ནང་འགྲོ་མཁན་ས་ཡ་ཉི་རྩ་ཙམ་ལས་མེད་པ་རེད། ཧྲའོ་ལྦན་ཡེ་ཤུའི་ལྷ་ཁང་དེབ་སྐྱེལ་བྱེད་རྒྱུར་མོས་མཐུན་བྱེད་ཀྱི་ཡོད་ཀྱང་གཞུང་འབྲེལ་ལྷ་ཁང་ནང་འགྲོ་རྒྱུ་མིན་པར་སེམས་ཐག་གཙང་བཅད་ཡིན་འདུག།