རྒྱལ་ཚོཊ་ཀྱིས་རྒྱ་ནག་ལ་མནར་གཅོད་སྐོར་བསྐྱར་ཞིབ་གནང་རྒྱུ།
མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་ལ་ངོ་རྒོལ་གནང་མཁན་ཚོགས་ཆུང་གིས་རྒྱ་ནག་ནང་དུ་མནར་གཅོད་བྱ་སྤྱོད་ཐོག་ལ་བསྐྱར་ཞིབ་བྱ་རྒྱུ་ཡིན་པ།
-
2015-11-12 -
-
-
མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་ལ་ངོ་རྒོལ་གནང་མཁན་ཚོགས་ཆུང་གིས་རྒྱ་ནག་ནང་དུ་མནར་གཅོད་བྱ་སྤྱོད་ཐོག་ལ་བསྐྱར་ཞིབ་བྱ་རྒྱུ་ཡིན་པ།
དེ་ཡང་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་ལ་ངོ་རྒོལ་གནང་མཁན་ཚོགས་ཆུང་གིས། ཕྱི་ཟླ་བཅུ་གཅིག་པའི་ཚེས་༡༧དང་༡༨ཉིན་གཉིས་ཀྱི་ཚོགས་དུས་རིང་རྒྱ་ནག་ནང་དུ་མནར་གཅོད་གཏོང་བའི་བྱ་སྤྱོད་ཐོག་ལ་བསྐྱར་ཞིབ་བྱ་རྒྱུ་མ་ཟད། བསྐྱར་ཞིབ་དེ་བཞིན་དྲ་རྒྱའི་ཐོག་ནས་ཐད་ཀར་གཟིགས་ཐུབ་པའི་མཐུན་རྐྱེན་སྐྲུན་རྒྱུ་ཡིན་པ་རེད།
དེ་ནི་སུད་སེ་གྲོང་ཁྱེར་Genevaདུ་ཡོད་པའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྡུག་རྩུབ་དང་མནར་གཅོད་ངོ་རྒོལ་གནང་མཁན་ཚོགས་ཆུང་གིས། རྒྱ་ནག་ནི་འཛམ་གླིང་གི་རྒྱལ་ཁབ་༡༥༨ ནང་ནས་མི་དམངས་ལ་སྡུག་རྩུབ་དང་མནར་གཅོད་གཏོང་མཁན་གྱི་ཁོངས་སུ་གཏན་འབེབས་བྱས་པ་ཞིག་ཡིན་པར་བརྟེན་ནས། མཁས་དབང་བཅུ་ལས་གྲུབ་པའི་རང་དབང་ཅན་གྱི་སྐུ་ཚབ་ཚོའི་མདུན་དུ་འཆར་ཅན་གྱི་འདྲི་ཞིབ་བྱ་དགོས་གལ་ཡིན་པ་དང་། ད་དུང་ཚོགས་ཆུང་དེ་ཡིས་Hongkongདང་། Macauགྱི་ཐོག་ལའང་བསྐྱར་ཞིབ་བྱ་རྒྱུ་ཡིན་པ་རེད།
ད་དུང་ཚོགས་ཆུང་དེའི་སྐུ་ཚབ་རྣམ་པས་རྒྱ་ནག་གཞུང་གི་སྐུ་ཚབ་དང་མཉམ་དུ་གནད་དོན་དེ་ཚོའི་ཐོག་ལ་འདྲི་རྩད་དང་བགྲོ་གླེང་བྱ་རྒྱུ་ཡིན་ཞིང་། འདྲི་རྩད་ཀྱི་ལས་རིམ་ཆ་ཚང་དེ་ནི་ཕྱི་ཟླ་བཅུ་གཅིག་པའི་ཚེས་༡༧ཉིན་གྱི་སུད་སིད་གྲོང་ཁྱེར་Genevaཡི་སྔ་དྲོའི་ཚོུད་༡༠ནས་༡ བར་དང་། ཕྱི་ཚེས་༡༨ཉིན་གྱི་ཉིན་གུང་ཚོུད་གསུམ་པ་ནས་དྲུག་པ་བར་དྲ་རྒྱའི་ཁ་བྱང་www.treadybodywebcast.orgདེའི་ཐོག་ནས་ཐད་ཀར་རྒྱང་སྲིང་བྱས་བ་གཟིགས་ཐུབ་ཀྱི་ཡོད་པ་རེད།
དེ་རིང་དབྱིན་ཡུལ་ནང་དུ་ཡོད་པའི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་རྒྱ་ནག་ནང་དུ་ཉེན་རྟོག་ལས་ཁང་གི་བཀག་ཉར་ཁང་དུ་ཉེས་རྡུང་དང་། མནར་གཅོད་གཏོང་བ་ནི་གང་སར་ཡོད་པ་ཞིག་ཡིན་པ་དང་། དེ་ནི་ཁོང་ཚོས་གློག་རྒྱུགས་འཛུགས་པ་དང་། ཁུ་ཚུར་བཞུ་པ། རྡོག་རྒྱག་བཞུ་པ། ཆུ་བླུགས་པའི་ཤེལ་དམ་བཞུ་པ། ལྕགས་ཀྱི་རྐུབ་སྟེགས་ཐོག་བདམ་པ་སོགས་མནར་གཅོད་འདྲ་མིན་གཏོང་གི་ཡོད་པའི་གནས་ཚུལ་གསུངས་ཡོད་པ་རེད།
གསར་འགོད་པ་གཡུ་སྒྲོན།