དྲག་སྤྱོད་པས་གནམ་གྲུ་ཆུང་རིགས་གོ་མཚོན་དུ་བེད་སྤྱོད་བྱེད་ཉེན།

ཨ་མེ་རི་ཀའི་ནང་འཇིགས་བསྐུལ་དྲག་སྤྱོད་པས་གནམ་གྲུ་ཆུང་རིགས་ཐོག་ནས་དྲག་རྒོལ་གྱི་ཉེན་ཁ་ཡོད་པའི་གནས་ཚུལ་ཐོན་འདུག

༄༅༎ཨ་མེ་རི་ཀའི་རྒྱལ་ནང་གསང་བའི་ལས་ཁུངས་དང་རྒྱལ་ནང་སྲུང་སྐྱོབ་ལས་ཁུངས་ཐུན་མོང་གིས་ཕྱི་ལོ་༢༠༠༡ལོའི་ཕྱི་ཟླ་དགུ་པའི་ཚེས་གཅིག་གི་དོན་རྐྱེན་བྱུང་ནས་ལོ་འཁོར་རན་པའི་སྔ་ནུབ་ཏུ་ཨལ་ཁེ་ཏ་དྲག་སྤྱོད་པས་ཨ་རིའི་ནང་གནམ་གྲུ་ཆུང་རིགས་ཐོག་ནས་དྲག་རྒོལ་གྱི་ཉེན་བརྡ་བཏང་འདུག འདས་པའི་རེས་གཟའ་པ་སངས་ཉིན་གོང་ཞུས་སྒྲིག་འཛུགས་ཐོུང་གིས་ ངལ་རྩོལ་ཉིན་མོའི་གུང་སེངས་ཀྱི་བྲེལ་ཟིངས་དང་སྟབས་བསྟུན་ནས་ཤོག་ལྷེ་ལྔ་བྱས་པའི་སྙན་ཐོ་ཞིག་འགྲེམས་སྤེལ་བྱས་པའི་ནང་ཨལ་ཁེ་ཏས་སྒེར་བདག་ཅན་གྱི་གནམ་གྲུ་ཆུང་རིགས་གླས་ནས་གནམ་ཐོག་ནས་དྲག་རྒོལ་བྱེད་རྒྱུའི་ཐབས་ཤེས་ཡོད་རྒུ་རྩལ་དྲུག་བྱས་ཡོད་ལུགས་འགྲེལ་བརྗོད་བྱས་འདུག གནས་ཚུལ་ནང་ཐོན་པར་གཞིགས་ན། བར་ལམ་ནས་ཨལ་ཁེ་ཏས་ཡོ་རོབ་དང་ཨ་རིའི་ནང་དྲག་སྤྱོད་པ་ཁག་ཅིག་ལ་མཁའ་ལམ་འགྲིམ་འགྲུལ་དང་དྲག་རྒོལ་གྱི་ཟབ་སྦྱོང་རིགས་སྤྲོད་ཐབས་བྱས་ཡོད་ལུགས་གོང་ཞུས་སྙན་ཐོའི་ནང་འཁོད་ཡོད་འདུག དགུ་པའི་བཅུ་གཅིག་གི་དོན་རྐྱེན་རྗེས་སུ་གནམ་ཐོག་ནས་དྲག་རྒོལ་གྱི་ཉེན་ཁ་སྣ་ཚོགས་བྱུང་ཡོད་འདུག དཔེར་ན། ཕྱི་ལོ་༢༠༠༢ལོར་ཨལ་ཁེ་ཏས་གནམ་གྲུ་ཆུང་བ་ཞིག་ཨ་རིའི་མཚོ་དམག་གི་གྲུ་གཟིངས་ཤིག་ལ་དྲག་རྒོལ་གྱི་འཆར་གཞི་ཐེར་བཏོན་བྱས་ཡོད་པ་དང་། དེ་བཞིན་ཕྱི་ལོ་༢༠༠༣ལོར་པ་ཀི་སི་ཐན་གྱི་གྲོང་ཁྱེར་ཀ་ར་ཆིར་ཨ་རིའི་གཞུང་ཚབ་ཀྱི་ཡན་ལག་ལས་ཁས་ཁུངས་སུ་དྲག་རྒོལ་བྱེད་རྩིས་བྱས་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org