ཨ་རིའི་གསང་བའི་གནས་ཚུལ་ཕྱི་གྱར་ལ་དམ་བསྒྲགས་བཀའ་རྒྱ།
ཨ་མི་རི་ཀའི་གཞུང་གི་ལས་ཁུངས་ཁག་གིས་གཞུང་འབྲེལ་གསང་བའི་གནད་དོན་ཕྱིར་གྱར་མི་འབྱུང་བའི་ཆེད་དུ་བཀའ་རྒྱ་ནན་པོ་བཏང་བ།
-
2010-11-30 -
-
-
༄༅༎ཨ་མི་རི་ཀའི་ནིའུ་ཡོག་དུས་བབ་སོགས་རྒྱལ་སྤྱིའི་གསར་ཤོག་ཁག་གིས་ལྦི་ཀི་ལིཀ་སི་WikiLeakཞེས་པའི་དྲ་རྒྱས་མཁོ་སྤྲོད་བྱས་པའི་ཨ་མི་རི་ཀའི་གཞུང་གི་གསང་བའི་གནད་དོན་མང་པོ་ཞིག་ཕྱི་བསྒྲགས་བྱས་པའི་རྗེས་སུ་ཨ་མི་རི་ཀའི་སྲིད་འཛིན་ལས་ཁང་གིས་ གཞུང་གི་ལས་ཁུངས་ཁག་གིས་གཞུང་འབྲེལ་གསང་བའི་གནད་དོན་ཕྱིར་གྱར་མི་འབྱུང་བའི་ཆེད་དུ་བཀའ་རྒྱ་ནན་པོ་བཏང་གནང་ཡོད་པ་རེད་
སུད་ཌེན་ནང་རྟེན་གཞི་བྱས་པའི་ཨོ་སི་ཀྲོ་ལི་ཡའི་གསར་འགོད་པ་ཇུ་ལིཡེན་ཨ་སན་ཇེ་གྱིས་བཙུགས་པའི་Wikileaksདྲ་རྒྱས་ཨ་མི་རི་ཀའི་དམག་དང་ཕྱི་འབྲེལ་གྱི་གནད་དོན་སྐོར་གསང་བའི་ཡིག་འབྲེལ་ཉིས་འབུམ་ལྔ་ཁྲི་ཙམ་ཕྱི་བསྒྲགས་བྱས་པའི་ནང་གི་རིམ་པ་དང་པོ་དེ་ཨ་མི་རི་ཀའི་ནིའུ་ཡོག་དུས་བབ་དང་དབྱིན་ཇིའི་རྡ་གའར་ཌིཡེན་སོགས་ཀྱིས་རེས་གཟའ་ཉི་མའི་ཉིན་དཔར་འགྲེམས་ཀྱི་བརྒྱུད་ནས་ཕྱི་བསྒྲགས་བྱས་ཡོད་ཅིང་ཕྱི་བསྒྲགས་བྱས་པའི་ཡིག་ཆ་ཁག་གི་ནང་ཨ་མི་རི་ཀས་འཛམ་གླིང་གི་རྒྱལ་ཁབ་མང་པོའི་དཔོན་རིགས་རྣམས་ཀྱི་ལྷན་དུ་གསང་བའི་གྲོས་མོལ་དང་ཨ་མི་རི་ཀའི་དཔོན་རིགས་རྣམས་ཀྱི་འཐབ་བྱུས་སོགས་གསང་བའི་གནད་དོན་མང་དག་ཅིག་ཕྱི་བསྒྲག་བྱས་ཡོད་པ་རེད་། གསང་བའི་གནད་དོན་ཕྱིར་གྱར་བྱས་པ་དེས་ཨ་མི་རི་ཀའི་འབྲེལ་ཡོད་རྒྱལ་ཁབ་དང་གསང་བའི་ལས་དོན་དང་འབྲེལ་བ་ཆགས་པའི་མི་སྣ་རྣམས་ཀྱི་བདེ་འཇགས་སོགས་ཀྱི་ཐད་ཨ་མི་རི་ཀར་དམིགས་བསལ་གྱི་ཐུགས་འཚབ་ཡོད་པ་རེད་བྱས་ཙང་ཨ་མི་རི་ཀའི་སྲིད་འཛིན་ལས་ཁང་གིས་གཞུང་གི་ལས་ཁུངས་ཁག་གིས་གསང་བའི་གནས་ཚུལ་ཉར་ཚགས་ཐོག་དམ་བསྒྲགས་ཚགས་ཚུད་དུ་གཏོང་དགོས་པའི་སྐོར་བཀའ་ནན་པོ་གནང་ཡོད་པའི་གནས་ཚུལ་ཐོན་འདུག་༎