གནས་འཕྲིན་དྲ་རྒྱའི་རང་དབང་གི་གནད་དོན་སྐོར།

ཨ་མེ་རི་ཀས་གནས་འཕྲིན་དྲ་རྒྱའི་རང་དབང་གི་གནད་དོན་སྐོར་རྒྱ་མིའི་འབྲེལ་ཡོད་དཔོན་རིགས་ཚོ་དང་འཚོཌ་འདུ་མང་པོ་འཚོཌ་ཟིན་པ།

༄༅༎ཨ་མེ་རི་ཀས་གནས་འཕྲིན་དྲ་རྒྱའི་རང་དབང་གི་གནད་དོན་སྐོར་རྒྱ་མིའི་འབྲེལ་ཡོད་དཔོན་རིགས་ཚོ་དང་འཚོཌ་འདུ་མང་པོ་འཚོཌ་ཟིན་པ་མ་ཟད་ད་དུང་ཡང་འཚོཌ་འཆར་ཡོད་སྐོར་ཨ་རིའི་ཕྱི་སྲིད་དཔོན་རིགས་མཐོ་གྲས་ཤིག་གིས་གསུངས་འདུག གུའུ་གལ་ཞེས་གནས་ཚུལ་འཚོལ་ཞིབ་ཁེ་གཉེར་ལས་ཁང་དང་རྒྱ་ནག་གཞུང་གཉིས་དབར་མ་མཐུན་པའི་རྩོད་རྙོག་ཡོད་མུས་སྐབས་འདིར་ཨ་རིའི་ཕྱི་སྲིད་དྲུང་ཆེའི་ཕྱག་རོགས་ཀ་ཏི་ཁེམ་སྦེལ་མཆོག་གིས་ཨ་རིའི་ངོས་ནས་གནས་འཕྲིན་དྲ་རྒྱ་རང་དབང་ཐོག་ནས་བེད་སྤྱོད་བྱ་རྒྱུ་དེ་ནི་འཛམ་གླིང་མི་མང་ཡོངས་ཀྱི་ཐོབ་ཐང་ཡིན་པར་ངོས་འཛིན་ཞུ་ཡི་ཡོད་ལ་ ཡིད་ཆེས་འཕེར་བའི་སྒོ་ནས་གནས་འཕྲིན་དྲ་རྒྱ་བེད་སྤྱོད་བྱ་རྒྱུ་ནི་དེང་དུས་ཀྱི་སྤྱི་ཚོཌ་དང་དཔལ་འབྱོར་ལ་གལ་འགངས་ཆེན་པོ་ཡིན་ལུཌ་གསུངས་པ་མ་ཟད་ ཨ་རིའི་གཞུང་གིས་འབྲེལ་ཡོད་རྒྱ་མིའི་དཔོན་རིགས་ལྷན་དུ་གནད་དོན་དེའི་སྐོར་གྲོས་མོལ་རིམ་པ་མང་པོ་གནང་ཟིན་པ་ཡིན་ལ་ ད་དུང་ཡང་གནང་རྒྱུ་ཡིན་ལུཌ་ཁ་ས་རེས་གཟའ་མིག་དམར་ཉིན་འདི་ག་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་ལ་གསུངས་འདུག གཟའ་འཁོར་སྔོན་མའི་ནང་གུའུ་གལ་ཞེས་གནས་ཚུལ་འཚོལ་ཞིབ་ཁེ་གཉེར་ལས་ཁང་དང་ཁེ་གཉེར་ལས་ཁང་གཞན་ཐོག་རྒྱ་ནག་ནས་སོ་མྱུལ་བྱེད་བཞིན་པའི་རྐྱེན་གྱིས་རྒྱ་ནག་ནས་རང་གི་ཚོང་ལས་ཕྱིར་འཐེན་བྱ་རྒྱུའི་ཉེནབརྡ་བཏང་ཡོད་སྟབས་ ཨ་རིའི་ཕྱི་སྲིད་དྲུང་ཆེའི་ཕྱག་རོགས་ཀ་ཏི་ཁེམ་སྦེལ་མཆོག་གིས་གནད་དོན་དེས་སེམས་འཚབ་མང་པོ་སློང་གི་ཡོད་སྟབས་དེ་གལ་ཆེར་རྩིས་ཀྱི་ཡོད་ལུཌ་གསུངས་འདུག ཡང་ཁོང་གིས་གུའུ་གལ་གྱིས་རྒྱ་ནག་ལ་སྐྱོན་འཛུཌ་བྱས་པ་ཁག་རྒྱ་ནག་གིས་ངོས་ལེན་བྱས་མེད་ལུཌ་དང་ཨ་རིས་འབྲེལ་ཡོད་རྒྱ་མིའི་དཔོན་རིགས་ཚོས་གནས་སྟངས་ལ་གཞིཌ་པའི་གསལ་བཤད་གང་ཡག་ཡག་རྒྱབ་ཐབས་གནང་བར་ཡིད་ཆེས་བྱེད་ཀྱི་ཡོད་ ཡིན་ནའི་ཁོང་ཚོས་གསལ་བཤད་ཁ་གསལ་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་སྐོར་ཡང་གསུངས་ཡོད་པའི་གནས་ཚུལ་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org