འབར་མའི་འོས་བསྡུ་དེ་ཁྲིམས་མཐུན་སྒྲིག་གཞི་དང་མི་ལྡན་པ།

འབར་མའི་འོས་འདེམས་དེ་བཞིན་རྒྱལ་སྤྱིའི་ཁྲིམས་མཐུན་སྒྲིག་གཞི་དང་མི་ལྡན་པ་ཞིག་ཆགས་རྒྱུ་ཡིན་པ་ཨ་རི་གཞུང་གིས་གསུང་འདུག

༄༅༎འབར་མའི་འོས་འདེམས་དེ་བཞིན་རྒྱལ་སྤྱིའི་ཁྲིམས་མཐུན་སྒྲིག་གཞི་དང་མི་ལྡན་པ་ཞིག་ཆགས་རྒྱུ་ཡིན་པ་ཨ་རི་གཞུང་གིས་གསུང་འདུག

ཨ་རི་གཞུང་གིས་གཟའ་མིག་དམར་ཉིན་གསུང་ན་ རིང་མིན་སྤེལ་འཆར་ཡོད་པའི་འབར་མའི་རྒྱལ་ཡོངས་འོས་བསྡུ་དེ་བཞིན་རྒྱལ་སྤྱིའི་འོས་བསྡུའི་ཁྲིམས་མཐུན་སྒྲིག་གཞི་བཞིན་རང་དབང་དང་དྲང་བདེན་གྱི་ཐོག་ནས་སྤེལ་བཅུག་ཡས་ཁག་པོ་ཡིན་པ་གསུང་ཡོད་པ་དང་ ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཇིམ་ལྦེན་ཡིས་འབར་མའི་ནང་ད་ལོ་ཕྱི་ཟླ་བཅུ་པའི་ཚེས་༡༠ཉིན་རྒྱལ་ཡོངས་འོས་བསྡུ་སྤེལ་འཆར་ཡོད་པ་དང་ དེར་བརྟེན་འབར་མ་དྲག་པོའི་གཞུང་གིས་འོས་འདེམས་ནང་དམངས་གཙོ་ཚོགས་པ་འཛུལ་བཞུགས་མི་ཐུབ་པའི་ཆ་རྐྱེན་བཏོན་ཡས་ཐོག་འགོག་རྒོལ་གྱི་ལས་དོན་ལ་ཚང་མས་རྒྱབ་སྐྱོར་གནང་དགོས་པ་ཟླ་བ་སྔོན་མའི་ནང་འབོད་སྐུལ་ཞུས་ཡོད་ཅིང་ སྐུ་ཞབས་ཇིམ་ལྦེན་ནི་ཨ་རི་དང་འབར་མའི་དབར་འབྲེལ་ལམ་གནང་མཁན་གྱི་སྐུ་ཚབ་ཡིན་ཞིང་ ཉེ་ཆར་འབར་འི་བྲོས་བྱོལ་དམག་དཔོན་ཞིག་གིས་བྱང་ཀོ་རི་ཡའི་རྒྱབ་སྐྱོར་འོག་འབར་མ་དྲག་པོའི་གཞུང་གིས་རྡུལ་ཕྲན་གྱི་གོ་མཚོན་བཟོ་སྐྲུན་ལས་འཆར་སྤེལ་གྱི་ཡོད་པའི་གནས་ཚུལ་ཕྱིར་བཏོན་བྱས་རྗེས་ སྐུ་ཞབ་ཇིམ་ལྦེབ་ཡིས་འབར་མའི་ནང་ཕེབས་རྒྱུའི་འཆར་གཞི་ཡང་ཕྱིར་འཐེན་གནང་ཡོད་པ་རེད་

འབར་མ་དྲག་པོའི་གཞུང་གིས་ད་ལོ་ལོ་མཇུག་ཏུ་འབར་མའི་རྒྱལ་ཡོངས་འོས་བསྡུ་སྤེལ་རྒྱུའི་འཆར་གཞི་ཡོད་པ་དང་ ཡིན་ནའི་ད་ལྟའི་ཆར་དུས་བཀག་ཚེས་གྲངས་ཁ་གསལ་ཕྱིར་བསྒྲགས་བྱས་མེད་པ་དང་ འབར་མ་དྲག་པོའི་གཞུང་གིས་འབར་མ་དམངས་གཙོ་ཚོགས་པ་ཚོགས་བཞུགས་པའི་འོག་རྒྱལ་ཡོངས་འོས་བསྡུ་སྤེལ་རྒྱུའི་གནད་དོན་ཐོག་ཨ་རི་གཞུང་གིས་ཐུགས་འཚབ་ཡོད་པའི་སྐོར་གསལ་སྟོན་གནང་ཡོད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org