ཨ་རིས་ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་ཡོང་རེ།

ཨ་མི་རི་ཀས་ཐའེ་ལྦན་ལ་གོ་མཚོན་ཁག་ཅིག་ཚོང་བསྒྱུར་གནང་བའི་རེ་བ་ཡོད་སྐོར་ཐའེ་ལྦན་གྱིས་གསུང་ཡོད་པ་རེད་།

༄༅༎ཐའེ་ལྦན་དང་ཨ་རི་བར་ཨ་རིའི་གླང་ཤ་ཐའེ་ལྦན་གྱིས་ཉོ་སྒྲུབ་གནང་མིན་གྱི་གནད་དོན་ཐོག་དཀའ་རྙོག་ཡོད་མིན་ལ་མ་ལྟོས་པར་ཨ་མི་རི་ཀས་ཐའེ་ལྦན་ལ་གོ་མཚོན་ཁག་ཅིག་ཚོང་བསྒྱུར་གནང་བའི་རེ་བ་ཡོད་སྐོར་ཐའེ་ལྦན་གྱིས་གསུངས་ཡོད་པ་རེད་             ཐའེ་ལྦན་བདེ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཡུའུ་སའེ་ཐུ་ཡིས་ཐའེ་ལྦན་གྱི་གཞུང་འབྲེལ་མཚན་དེ་སྨྲས་ཏེ་ང་ཚོའི་རེ་བར་རྒྱ་ནག་སྤྱི་དམངས་རྒྱལ་ཁབ་ལ་ཉེན་སྲུང་གི་གོ་མཚོན་ཁག་མཁོ་སྤྲོད་གནང་བའི་རེ་བ་ཡོད་ཅེས་གསུངས་འདུག ཁོང་གིས་གོང་ཞུས་བཀའ་མོལ་དེ་ཐའེ་ལྦན་གྱི་གྲོས་ཚོགས་ཀྱིས་རེས་གཟའ་མིག་དམར་ཉིན་ཨ་རིའི་གླང་ཤ་ཐའེ་ལྦན་ནང་ནང་འདྲེན་གནང་མིན་གྱི་འོས་ཤོག་འཕེན་རྒྱུ་དང་ཨ་མི་རི་ཀས་ཐའེ་ལྦན་ལ་གོ་མཚོན་ཚོང་འགྲེམས་གནང་རྒྱུ་མིན་པའི་གནས་ཚུལ་ཐོན་བཞིན་པའི་དུས་སྐབས་མཉམ་འཁེལ་བྱུང་ཡོད་པ་རེད་    བདུན་སྔོན་མ་དེར་ཐའེ་ལྦན་གྱི་དབྱིན་ཡིག་གསར་ཤོག་ལི་སྦར་ཏི་ཀྲའེམ་སེ་ཞེས་པས་མིང་འདོན་མ་གནང་བའི་ཐའེ་ལྦན་གཞུང་གི་དཔོན་རིགས་ཤིག་ནས་ཨ་མི་རི་ཀས་ཐའེ་ལྦན་ལ་ཚོང་འབྲེལ་ལས་གོ་མཚོན་ཐོག་ཚུར་སྣང་ལན་འཆར་མ་གནང་བའི་རེ་བ་ཡོད་སྐོར་གསུངས་པ་ལུང་འདྲེན་གནང་ཡོད་པ་རེད་            ཨ་རི་ནི་ཐའེ་ལྦན་ལ་གོ་མཚོན་མཁོ་སྤྲོད་གནང་མཁན་གྱི་རྒྱལ་ཁབ་གཙོ་བོ་ཞིག་ཡིན་པ་དང་ཐའེ་ལྦན་གྱིས་ཨ་རིའི་གླང་ཤ་ཁག་ཅིག་ཉོ་སྒྲུབ་མ་གནང་རྒྱུའི་འཆར་གཞི་དེས་ཨ་རིར་ཁོང་ཁྲོ་སློང་རྐྱེན་ཞིག་ཆགས་ཡོད་པ་རེད་ སྔ་ལོ་ཕྱི་ཟླ་བཅུ་གཅིག་ནང་ཐའེ་ལྦན་གཞུང་གིས་ཨ་རིའི་གླང་ཤ་ཁག་ཅིག་ཉོ་སྒྲུབ་གནང་རྒྱུའི་ཐག་གཅོད་གནང་བ་དེས་ཐའེ་ལྦན་ཡུལ་མི་སྟོང་ཕྲག་མང་པོས་ཁོང་ཁྲོ་ཆེན་པོའི་ཐོག་རྒྱལ་ས་ཐེ་པེ་ནང་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད་ རྒྱལ་སྤྱིའི་ཚན་རིག་པ་ཁག་ཅིག་གིས་ན་ཚ་ཕོག་པའི་གླང་ཚ་བཟས་པ་ཡིན་ན་འགྲོ་བ་མིར་ཡང་ཉེན་ཚབས་ཆེ་བའི་ན་ཚ་དེ་དག་ཕོག་ཉེན་ཡོད་སྐོར་གླེང་གི་ཡོད་པའི་གནས་ཚུལ་ཐོན་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org