རྒྱལ་ཚོགས་ཀྱི་གྲོས་ཆོད་ལ་རྒྱ་ནག་གིས་སྐྱོན་བརྗོད།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡ་གཞུང་ཐོག་གྲོས་ཆོད་བཞག་པ་དེར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་ཡོད་པ་རེད།

༄༅༎སི་རི་ཡ་གཞུང་གིས་བར་ལམ་འདས་པའི་ཟླ་བ་བརྒྱད་རིང་མི་དམངས་ལ་དྲག་གནོན་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་དང་འགལ་འཛོལ་བྱས་པར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྲོས་ཆོད་བཞག་པ་དེར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་ཡོད་པ་རེད།
དེ་ཡང་སི་རི་ཡ་རྒྱལ་ཁབ་དམངས་གཙོའི་ཕྱོགས་སུ་བཅོས་བསྒྱུར་གཏོང་དགོས་ཞེས་མི་དམངས་ཀྱིས་ཆབ་སྲིད་ཀྱི་དབང་ཆ་མི་དམངས་ལ་རྩིས་སྤྲོད་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་ནས་ཟླ་བ་བརྒྱད་འགྲོ་གི་ཡོད་པ་དང༌། དེའི་རིང་ལ་སི་རི་ཡ་གཞུང་གིས་ངོ་རྒོལ་བྱེད་མཁན་ཁན་མི་དམངས་ཐོག་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱས་ཏེ་ད་བར་མི་དམངས་གསུམ་སྟོང་ལྔ་བརྒྱ་རྐྱེན་ལམ་ཕྱིན་ཡོད་པ་དེ་ནི། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་སི་རི་ཡ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་འགལ་འཛོལ་བྱེད་ཀྱི་ཡོད་པར་ངོས་འཛིན་གྱིས་སི་རི་ཡ་གཞུང་ལ་སྐྱོན་བརྗོད་ཀྱི་གྲོས་ཆོད་བཞག་གནང་ཡོད་ཀྱང་གྲོས་ཆོད་ལ་མོས་མཐུན་མི་བྱེད་མཁན་རྒྱ་ནག་གཙོས་པའི་རྒྱལ་ཁབ་༤༡ ཡོད་པ་མ་ཟད། རྒྱ་ནག་ཕྱོགས་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྲོས་ཆོད་བེད་སྤྱོད་བཏང་སྟེ། རྒྱལ་ཁབ་གཞན་ལ་གནོན་ཤུགས་སྤྲོད་པ་དེ་ནི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་མཁན་རེད་ཅེས་བཤད་ཡོད་ཅིང༌། དེ་ཡང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལིའུ་ལྦེ་མིན་གྱིས་དེ་རིང་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་ལ། ང་ཚོ་རྒྱ་ནག་ཕྱོགས་ནས་ཕན་ཚུན་དགེ་མཚན་ལྡན་པའི་གྲོས་མོལ་དང་མཉམ་ལས་བྱེད་པ་ནི། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ཡར་རྒྱས་གཏོང་རྒྱུའི་ཐབས་ལམ་ཁོ་ན་ཡིན་པ་དུས་རྟག་ཏུ་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་བཤད་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org