མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་སུ་འབར་གས་གཏོར་རྒོལ།

ནའེ་ཇི་རི་ཡའི་ནང་འཇིགས་སྐུལ་བས་གཏོར་རྒོལ་རྗེས་གདོང་ལེན་བྱ་རྒྱུའི་དམ་བཅའ་བཞག་གནང་བ།

༄༅༎མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དྲུང་ཆེ་གཞོན་པས་ནའེ་ཇེ་ར་ཡའི་ནང་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མར་འབར་རྗས་གས་གཏོར་གྱི་དོན་རྐྱེན་རྗེས་སུ་འཇིགས་སྐུལ་དྲག་སྤྱོད་པར་གདོང་ལེན་བྱ་རྒྱུའི་དམ་བཅའ་བཞག་གནང་འདུག

རེས་གཟའ་པ་སངས་ཉིན་རང་སྲོག་བློས་བཏང་བ་ཞིག་གིས་ནའི་ཇི་ཡའི་རྒྱལ་ས་ཨ་བྭུ་ཇར་རྒྱལ་ཚོགས་ཀྱིས་ལས་ཁུངས་ལ་འབར་རྫས་ཐོགས་པའི་མོ་ཊ་ཞིག་བཏང་ནས་དྲག་རྒོལ་གྱིས་རྒྱལ་ཚོགས་ཀྱིས་ལས་བྱེད་པ་དགུ་གཙོས་པའི་མི་བཅུ་དགུ་རྐྱེན་ལམ་དུ་བཏང་བ་དེ་ནི་ད་བར་རྒྱལ་ཚོགས་ཀྱི་ལས་ཁུངས་སུ་དྲག་རྒོལ་སྡུག་ཤོས་དེ་ཆགས་ཡོད་འདུག རེས་གཟའ་ཉི་མའི་ཉིན་རྒྱལ་ཚོགས་ཀྱི་དྲུང་གཞོན་ཨ་ཤ་རོ་སེ་མི་གྭི་རོ་ཨ་ཤ་རོསི་མི་གི་རོ་ས་གནས་སུ་ཞིབ་འཇུག་ཆེད་ཆེད་ཕེབས་ཀྱིས་དྲག་རྒོལ་ལ་སྐྱོན་བརྗོད་གནང་བ་དང་སྦྲགས་དྲག་ལས་འདི་རིགས་ལ་གདོང་ལེན་བྱ་རྒྱུའི་ཆོད་སེམས་བརྟན་དུ་འགྲོ་གི་རེད་ཅེས་གསར་འགོད་པ་གསུངས་གནང་འདུག ཁོང་གི་ལྷན་དུ་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་ཞིབ་འཇུག་རུ་ཁག་གཅིག་སླེབས་ཡོད་འདུག དྲུང་ཆེ་གཞོན་པས་རྒྱལ་ཚོགས་ཀྱིས་ལས་ཁུངས་སུ་གཟིགས་སྐོར་གྲུབ་རྗེས་སྨན་ཁང་དུ་རྨས་སྐྱོན་ཕོགས་པའི་ལས་བྱེད་པ་རྣམས་ཐུགས་འཕྲད་དང་དེ་རྗེས་ཡུལ་དེའི་སྲིད་འཛིན་གུཌི་ལཁ་ཇྭོ་ན་ཐན་མཆོག་དང་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱི་ལས་བྱེད་པ་ཚོ་ཟུར་མཇལ་གནང་རྒྱུ་ཡིན་འདུག དེའི་དབར་ལ་ཡུལ་དེའི་ཁ་ཆེའི་ཆོས་ལུགས་ཀྱི་་ཡ་གྱལ་བྭ་ཀོ་ཧ་རམ་ཞེས་པའི་མགྲིན་ཚབ་པ་ཡིན་ཁུལ་བརྗོད་མཁན་ཞིག་གིས་དྲག་རྒོལ་བྱེད་མཁན་སྒྲིགས་འཛུགས་དེ་ཡིན་ལུགས་བརྗོད་འདུག སྒྲིག་འཛུགས་དེས་དེ་སྔ་ནས་གཞུང་ལ་དྲག་རྒོལ་བྱེད་མུས་ཀྱང་བར་ལམ་ནས་འགྱུར་བ་འགྲོ་སྟངས་ལ་བལྟས་ང་ཨལ་ཁེ་ཏ་དྲག་སྤྱོད་སྒྲིག་འཛུགས་དང་ལག་འདྲེས་ཡོད་པའི་དྭོགས་པ་ཆེ་རུ་ཕྱིན་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org