རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ལྷན་ཚོགས།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྐོང་ཚོགས་གནང་བའི་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ལྷན་ཚོགས་མེག་སེ་ཁོར་ཚུགས་འདུག

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྐོང་ཚོགས་གནང་བའི་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ལྷན་ཚོགས་དེ་བཞིན་ མེག་སེ་ཁོའོ་ནང་ཚུགས་ཡོད་པ་དང་ལྷན་ཚོགས་དེའི་ཐོག་གཙོ་བོ་གནམ་གཤིས་འགྱུར་ལྡོག་གི་གནས་སྟངས་དེའི་མྱུར་ཚད་འགོར་དུ་གཏོང་རྒྱུའི་ཐོག་འཛམ་གླིང་ཡུལ་ཁག་གིས་འབད་བརྩོན་གནང་རྒྱུའི་གྲོས་མཐུན་ཡོང་ཐབས་ཀྱི་གནད་དོན་ཐོག་གྲོས་མོལ་གནང་འཆར་ཡོད་པ་རེད་

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བསྐོང་ཚོགས་གནང་བའི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ལྷན་ཚོགས་དེའི་ཐོག་ན་ནིང་གྲན་མག་ནང་ཚོགས་པའི་སའི་གོ་ལའི་ཚ་དྲོད་རྒྱས་བཞིནཔའི་མྱུར་ཚད་འགོར་དུ་གཏོང་རྒྱུར་འཛམ་གླིང་ཡུལ་ཁག་གི་དགོས་ངེས་ཀྱི་སྟངས་འཛིན་བྱ་རྒྱུའི་གྲོས་མཐུན་ལ་ཐག་གཅོད་མ་བྱུང་བའི་གནད་དོན་དེ་ད་རེས་ཀྱི་ལྷན་ཚོགས་ཐོག་སྐྱར་དུ་གྲོས་མཐུན་ཡོང་ཐབས་བྱ་རྒྱུ་དང་  གལ་སྲིད་ཚོགས་བཞུགས་ཡུལ་གྲུའི་དབར་ད་རེས་ཀྱི་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་དེའི་ཐོག་ཚོགས་བཞུགས་ཡུལ་གྲུའི་དབར་སའི་གོ་ལའི་ཚ་དྲོད་རྒྱས་བཞིན་པའི་གནས་སྟངས་འགོར་དུ་གཏོང་རྒྱུའི་ཐད་གྲོས་མཐུན་བྱུང་ཚེ་དེས་འཕེལ་རྒྱས་འགྲོ་བཞིན་པའི་ཡུལ་གྲུ་ཁག་ལ་ཡར་ཐོན་ཅན་གྱི་ཡུལ་གྲུ་ཁག་ནས་སྔོ་ལྗང་ཅན་དུ་འགྱུར་རྒྱུའི་ཚན་རིག་ལག་རྩལ་གྱི་རོགས་རམ་ཐོབ་རྒྱུ་མ་ཟད་ ཐེབས་རྩ་ཚོགས་པ་ལྟ་བུ་ཞིག་བཙུགས་ནས་དབུལ་པོའི་ཡུལ་གྲུའི་ཤིང་ནགས་སྲུང་སྐྱོབ་བྱ་རྒྱུར་རོགས་རམ་བྱ་རྒྱུ་ཡིན་པ་རེད་ ད་ལོའི་ལྷན་ཚོགས་དེའི་མཐའ་མའི་དམིགས་ཡུལ་ནི་ཀྱིཡོ་ཀྲོ་ཆིངས་ཡིག་གི་དུས་བཀག་ནར་འགྱངས་ཐུབ་ཐབས་བྱ་རྒྱུ་ཡིན་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org