རྒྱ་ནག་ཏུ་ཨེ་ཙིའི་ནད་ཡམས་སྔོན་འགོག་ཤུགས་ཆེ་གཏོང་དགོས།

རྒྱ་ནག་གི་སྤྱི་ཚོགས་ཁྲོད་ཨེ་ཙི་ནད་གཞི་ཁྱབ་འདལ་སྔོན་འགོག་གི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས་ལུགས་གསུངས་བཞག

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨད་ཙེ་ནད་གཞིའི་སྔོན་འགོག་ལས་ཁང་གི་འགན་འཛིན་ནས་རྒྱ་ནག་གི་སྤྱི་ཚོགས་ཁྲོད་ཨེ་ཙི་ནད་གཞི་ཁྱབ་འདལ་སྔོན་འགོག་གི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས་ལུགས་གསུང་བཞག 

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཨེ་ཙི་ནད་རིམས་སྔོན་འགོག་ལས་ཁང་གི་འགན་འཛིན་ནས་འཛམ་གླིང་ཁྱོན་ཡོངས་སུ་ཨེ་ཙི་ནད་རིམས་སྐོར་གྱི་སྙན་ཐོ་འདོན་སྤེལ་གནང་བའི་ནང་   རྒྱ་ནག་ནང་ཨེ་ཙི་ནད་རིམས་ཁྱབ་སྤེལ་འགྲོ་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐོར་གསུང་གནང་ཡོད་ཅིང་   གོང་ཞུས་ཀྱི་སྙན་ཐོ་དེ་བཞིན་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧང་ནང་ལ་ཡང་དུས་གཅིག་ཏུ་བཏོན་ཡོད་པ་དང་  སྙན་ཐོ་འདོན་སྤེལ་གྱི་ཚོགས་འཛོམས་ཐོག་རྒྱ་ནག་འཕྲོད་བསྟེན་ལྷན་ཁང་གི་འགན་འཛིན་གྲན་ཀྲུའུ་ཡང་མཉམ་བཞུགས་གནང་ཡོད་ཅིང་  འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཙི་ནད་རིམས་སྔོན་འགོག་ལས་ཁང་དང་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་  རྒྱ་ནག་འཕྲོད་བསྟེན་ལྷན་ཁང་བཅས་མཉམ་འབྲེལ་ཐོག་ནས་ཕྱི་ལོ་ཉིས་སྟོང་དགུ་ལོའི་རྒྱ་ནག་ནང་ཨེ་ཙི་ནད་རིམས་སྐོར་ཞིབ་མཇུག་བྱས་པའི་འབྲས་བུར་གཞིགས་ན་ ད་ལོ་ལོ་མཇུག་བར་ཚོད་རྩིས་བྱས་ན་རྒྱ་ནག་ནང་ཨེ་ཙི་ནད་གཞི་ཕོག་མི་མི་གྲངས་ཁྲི་བདུན་ཅུ་དོན་བཞི་ལྷག་ཙམ་ཡོད་པ་དང་།  ཕྱི་ལོ་ཉིས་སྟོང་དགུ་ལོར་རྒྱ་ནག་ནང་ཨེ་ཙི་ནད་གཞི་ཕོག་མི་གསར་པ་མི་གྲངས་ཁྲི་བཞི་དང་བརྒྱད་སྟོང་ལྷག་ཐོན་ཡོད་པ་རེད་ ལྷག་པར་དུ་རྒྱ་ནག་གི་ས་ཁུལ་ཁག་ཅིག་ནང་ཨེ་ཙི་ནད་གཞི་ཁྱབ་འདལ་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་ཐོན་བཞིན་པར་བརྟེན་  འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཨེ་ཙི་ནད་རིམས་སྔོན་འགོག་ལས་ཁང་གི་འགན་འཛིན་ནས་  རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཨེ་ཙི་ནད་གཞི་ཁྱབ་འདལ་འགྲོ་རྒྱུར་སྔོན་འགོག་ལས་དོན་འཐུས་གུ་ཚང་བ་སྤེལ་དགོས་པའི་ཁར་   གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་མཉམ་ལས་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org