མུམ་བཨི་གཏོར་རྒོལ་དང་འབྲེལ་བའི་མི་གཉིས་ལ་འཛིན་བཟུང་།

རྒྱ་གར་གྲོང་ཁྱེར་ཀོལ་ཀོ་ཊ་ནས་མི་གཉིས་ཉེ་ཆར་གྲོང་ཁྱེར་མུམ་བཨི་གཏོར་རྒོལ་དང་འབྲེལ་བ་ཡོད་པའི་དོགས་གཞི་འོག་འཛིན་བཟུང་བྱས་འདུག

༄༅༎ཉེ་དུས་རྒྱ་གར་ནུབ་ཕྱོགས་མུམ་བཨི་གྲོང་ཁྱེར་ནང་གཏོར་རྒོལ་བཏང་མཁན་འཇིགས་སྐུལ་དྲག་སྤྱོད་པར་ལག་ཁྱེར་ཁ་པར་གྱི་སིམ་ཀརྜ་མཁོ་སྤྲོད་བྱས་པའི་དོགས་གཞིའི་འོག་རྒྱ་གར་ཤར་ཕྱོགས་གྲོང་ཁྱེར་ཀོལ་ཀོ་ཊ་ནས་རྒྱ་གར་ཉེན་རྟོག་པས་མི་གཉིས་འཛིན་བཟུང་བྱས་ཡོད་པ་དང་འཛིན་བཟུང་བྱས་པའི་མི་དེ་གཉིས་ལ་ཉེ་དུས་མུམ་བཨི་ནང་མི་གྲངས་བརྒྱ་དང་བདུན་བཅུ་ལྷག་སྲོག་སྐྱོན་བཏང་བའི་འཇོགས་སྐུལ་བའི་གཏོར་རྒོལ་སྐབས་འཇིགས་སྐུལ་མི་སྣས་བེད་སྤྱོད་བཏང་བའི་ཁག་ཁྱེར་ཁ་པར་གྱི་སིམ་ཀརྜ་ཡི་འབྱུང་ཁུངས་འདྲི་རྩད་བྱས་ཡོད་སྐོར་ཉེན་རྟོག་མགྲིན་ཚབ་པས་འགྲེལ་བརྗོད་བྱས་འདུག

མུམ་བཨི་ནང་གཏོར་རྒོལ་བཏང་མཁན་འཇིག་སྐུལ་དྲག་སྤྱོད་པ་བཅུའི་ནང་ནས་དགུ་བསད་ཡོད་པ་དང་གསོན་པར་འཛིན་བཟུང་བྱས་པའི་མི་གཅིག་དེ་ད་ཆ་རྒྱ་གར་གྱི་དོ་དམ་འོག་ཡོད་པ་དང་གྲོང་ཁྱེར་ཀོལ་ཀོལ་ཊ་ནང་འཛིན་བཟུང་བྱས་པའི་དོགས་གཞི་ཅན་གྱི་མི་གཉིས་དེའི་སྐོར་གནས་ཚུལ་ཞིབ་ཕྲ་ཉེན་རྟོག་པས་གསང་ཉིན་གསལ་སྒྲགས་གནང་རྒྱུ་རེད་འདུག

དེའི་བར་ན་པ་ཀིས྄་ཐན་གྱི་གསར་ལས་ཁང་གིས་གནས་ཚུལ་ཞིག་སྤེལ་ཡོད་པའི་ནང་ཕྱི་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་བརྒྱད་ཀྱི་ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་པ་ར་ནཔ་མུ་ཁར་ཇི་ཡིན་ཁུལ་བྱས་པའི་མིག་ཞིག་གིས་པ་ཀིས྄་ཐན་གྱི་སྲིད་འཛིན་ཇར་དྰ་རི་ལ་ཉེན་བརྡ་བཏང་བའི་ཁ་པར་རྫུན་མ་ཞིག་བཏང་བའི་རྗེས་སྲིད་འཛིན་ཇར་དྰ་རི་སྲུང་སྐྱོབས་དམ་རུ་བཏང་བའི་གནས་ཚུལ་ཞིག་བྱུང་འདུག།

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org