ཆོས་དཔོན་གྱིས་ནོར་ཝེའི་གཞུང་ལ་སྐྱོན་བརྗོད་གནང་འདུག
ལྷོ་ཨ་ཧྥེ་རི་ཀའི་ཆོས་དཔོན་ཆེན་མོ་Desmond Tutuམཆོག་གིས་ནོར་ཝེའི་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་གནང་འདུག
-
2014-05-05 -
-
-
ལྷོ་ཨ་ཧྥེ་རི་ཀའི་ཆོས་དཔོན་ཆེན་མོ་Desmond Tutuམཆོག་གིས་ནོར་ཝེའི་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་གནང་འདུག
དེ་ཡང་ནོར་ཝེའི་གསར་འགྱུར་ནང་དེ་རིང་གནས་ཚུལ་སྤེལ་བ་ལྟར་ན། ནོར་ཝེའི་གཞུང་གི་སྲིད་དོན་པས་གཟའ་འཁོར་འདིའི་ནང་བོད་ཀྱི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་གི་མིན་ཚུལ་བཤད་པའི་རྗེས་ལྷོ་ཨ་ཧྥེ་རི་ཀའི་ཡིའི་ཤུའི་ཆོས་དཔོན་ཆེན་མོ་Desmond Tutuམཆོག་ནས་ནོར་ཝེའི་གཞུང་ལ་སྐྱོན་བརྗོད་གནང་ཡོད་པ་དང་། ཆོས་དཔོན་Desmond Tutuམཆོག་གིས་། ངས་ནོར་ཝེ་རྒྱལ་ཁབ་ནི་འཛམ་གླིང་ཐོག་བཟང་སྤྱོད་ཡ་རབས་ཀྱི་སྟོབས་ཆེ་བའི་རྒྱལ་ཁབ་ཅིག་ལ་ཆ་གཞག་ནས་ཚད་མཐོ་བའི་གུས་ཞབས་བྱེད་ཀྱི་ཡོད། ནོར་ཝེའི་རྒྱལ་ཁབ་ཀྱིས་ལོ་ལྟར་མི་རིགས་དབྱེ་འབྱེད་བྱེད་ལ་འཐབ་རྩོད་བྱེད་མཁན་ཚོར་རྒྱབ་སྐྱོར་གནང་བ་མ་ཟད། ཆོས་ལུགས་འདྲ་མིན་དང་ཤེས་ཡོན་ཅན་དེ་བཞིན་ཆབ་སྲིད་པ་སོགས་དང་འབྲེལ་བ་གཏིང་ཟབ་བྱེད་ཀྱི་ཡོད་རེད། ད་རེས་བོད་ཀྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་གནང་རྒྱུར་གཡོལ་བ་དེ་ནི་དེ་སྔའི་ཁྱེད་རང་ཚོའི་ཡ་རབས་བཟང་སྤྱོད་ཀྱི་རྩ་དོན་དེར་རྒྱབ་འགལ་བྱས་པ་ཞིག་རེད་ཅེས་གསུངས་འདུག
ད་དུང་གནས་ཚུལ་དེའི་ནང་ནོར་ཝེའི་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་གནང་རྒྱུར་གཡོལ་ཐབས་བྱས་པ་དེ་ནི་རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་བྱུང་བ་མངོན་ཡོད་པ་སོགས་འཁོད་འདུག
གསར་འགོད་པ་ཚེ་བརྟན་རྡོ་རྗེ།