སྐུ་ཕུང་ཞུགས་འབུལ་ལ་བཙན་དབང་དང་ཨ་མ་བརྒྱལ་བ།
ཀན་ལྷོ་ཨ་མཆོག་ནས་རང་ལུས་མེར་བསྲེཌ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་ཚེ་རིང་བཀྲ་ཤིས་ལགས་ཀྱི་སྐུ་ཕུང་བཙན་དབང་འོག་ཞུགས་འབུལ་བྱེད་དགོས་བྱུང་བ་དང་། ཁོང་གི་ཨ་མ་དྲན་མེད་བརྒྱལ་འདུག
-
2013-01-14 -
-
-
དེ་ཡང་གནས་ཚུལ་ལྟར་། མདོ་སྨད་ཀན་ལྷོ་བསང་ཆུ་རྫོང་ཨ་མཆོག་ནས་ཡིན་ཞིང་ལོ་༢༢ཡིན་པའི་ཚེ་རིང་བཀྲིས་ཚེ་རིང་ལཌ་ཀྱིས། རྒྱ་ནག་གཞུང་ལ་ངོ་རྒོལ་གནང་ཕྱིར་ཕྱི་ཚེས་༡༢་ཉིན་ཨ་མཆོག་ནས་རང་ལུས་མེར་བསྲེཌ་བཏང་སྟེ་གྲོངས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བའི་རྗེས་་མཐའ་ཁོར་གྱི་བོད་མི་ཚོས་ཁོང་གི་སྐུ་ཕུང་ཨ་མཆོག་སྐྱིད་སྡེ་བའི་རང་ཁྱིམ་དུ་གདན་འདྲེན་ཞུ་ཐུབ་ཡོད་ཀྱང་། དེའི་རྗེས་ཉེན་རྟོག་པ་དང་སྤྱི་བདེ་མི་སྣའི་རླངས་འཁོར་མང་པོས་སྡེ་བ་ཡོངས་སུ་བསྐོར་ཏེ། འདས་པོར་བསྔོ་སྨོན་གནང་བར་ཕེབས་མཁན་གྱི་ཨ་མཆོག་དགོན་པའི་དགེ་མདུན་པ་དང་། གདུང་སེམས་མཉམ་སྐྱེད་བྱེད་དུ་ཡོང་མཁན་རྣམས་བཀག་འགོག་བྱས་པ་མ་ཟད། སྐུ་ཕུང་མགྱོཌ་མྱུར་སྦྱིན་བསྲེག་གཏོང་དགོས་པའི་བཀའ་བཏང་ཡོད་འདུག ཚེ་རིང་བཀྲ་ཤིས་ལགས་ཀྱི་ནང་མི་རྣམས་ཀྱིས་བོད་མིའི་སྲོལ་རྒྱུན་ལྟར་མི་གྲོངས་དུས་ཆེད་དུ་བླ་མ་གདན་ཞུ་དགོས་པ་ལས་དགེ་འདུན་རྣམས་གདན་འདྲེན་གྱིས་དགེ་ཆོས་སྒྲུབ་དགོས་པ་སོཊ་ཀྱི་སྲོལ་རྒྱུན་ལྟར་མ་ཡིན་པར་གློ་བུར་ཏུ་ཕུང་པོ་སྦྱིན་བསྲེག་གཏོང་སྲོལ་ཞིག་མེད་པའི་གནས་ལུཊ་འགྲེལ་བརྗོད་བྱས་ཀྱང་། ས་གནས་གཞུང་གིས་ངོས་ལེན་མ་བྱས་པར་མཐར་ཀན་ལྷོ་བསང་ཆུ་རྫོང་གི་སྤྱི་བདེ་ལས་ཁུངས་ཀྱི་འགོ་འཛིན་སོཌ་ཀྱིས་བླ་བྲང་དུ་བཞུཌ་པའི་ཨ་མཆོག་དགོན་པའི་བླ་ཆེན་ཨ་ལག་དབང་མ་ཚང་ཨ་མཆོག་དགོན་པར་ཁྲིད་ནས་ སྡེ་བ་དང་ཚོ་བའི་གནད་ཡོད་མི་སྣ་ཚོ་སྐོང་འགུཌ་ཀྱིས་སྐུ་ཕུང་གང་མགྱོཌ་སྦྱིན་བསྲེག་གཏོང་དགོས་པའི་འཇིཌ་སྣང་སྐུལ་ཡོད་པ་དང་། གལ་ཏེ་གནས་ཚུལ་མི་ལེཌ་པ་བྱུང་ཚེ་འགན་ཡོངས་རྫོགས་ཁྱོད་ཚོས་ཁུར་དགོས་ཚུལ་གྱི་བཙན་བཀའ་བཏང་བ་ལས་ད་དུང་སྤྱི་བདེ་ལས་ཁུངས་ཀྱི་འགོ་དཔོན་གྱིས་མ་གཞི་ནས་ཁྱིམ་ཚང་འདི་ནི་ཏ་ལའི་ཁ་བྲལ་བ་དང་འབྲེལ་བ་ཡོད་མཁན་ཞིག་ཡིན་པས་ལས་སླ་པོར་འཇོག་རྒྱུ་མིན་ཚུལ་གྱི་སྡུག་དམོད་གཏོང་བཞིན་དུ་ཅོག་ཙེ་ཐོག་ཁུ་ཚུར་གྱིས་གཞུས་པ་སོགས་འཇིགས་སྐུལ་བྱས་ཡོད་སྟབས་ཚེ་རིང་བཀྲ་ཤིས་ཀྱི་ཕ་གདུགས་དཀར་སྐྱབས་ལཊ་ཀྱིས་དོན་དག་ཆེན་པོ་བྱུང་ཚེ་སྡེ་བ་དང་ཚོ་བར་དཀའ་ལས་བཟོ་རྒྱུའི་ཉེན་ཁ་ལས་གཡོལ་ཆེད་ བསམ་ཤེས་ཐོག་ཚེས་ ༡༢ ཉིན་གྱི་མཚན་མོ་དེ་རང་ལ་སྦྱིན་བསྲེག་གཏོང་དགོས་བྱུང་ཡོད་འདུག་ལ། སྦྱིན་བསྲེག་གཏོང་ཡུལ་དུའང་མི་ཁ་ཤས་ཤིག་ལས་འགྲོ་བཅུག་མེད་པ་དང་། སྐབས་དེར་ཚེ་རིང་བཀྲ་ཤིས་ལཊ་ཀྱི་ཨ་མས་རང་ཉིད་ཀྱི་བུ་གྲོངས་པའི་སེམས་སྡུག་གི་ཐོག གཞུང་གི་བཙན་དབང་སྒོས་བོད་པའི་ལུཊ་སྲོལ་ལྟར་དགེ་ཆོས་ཚུལ་བཞིན་སྒྲུབ་མ་བཅུག་པར་གློ་བུར་དུ་སྦྱིན་སྲེག་གཏོང་དགོས་བྱུང་བ་གོ་རྗེས་དྲན་མེད་དུ་བརྒྱལ་ནས་སྨན་ཁང་དུ་བསྐྱེལ་བའི་ལམ་བར་དུ་ཕྱིར་དྲན་པ་སོས་ཡོད་འདུག
ཚེ་རིང་བཀྲ་ཤིས་ནི་མདོ་སྨད་ཨ་མཆོག་སྐྱིད་སྡེ་བའི་ཕ་གངས་སེང་ཚང་གདུགས་དཀར་སྐྱབས་དང་མ་ཚེ་རིང་སྒྲོལ་མ་གཉིས་ཀྱི་བུ་གཅིག་པུ་དེ་ཡིན་འདུག་ལ། ལོ་ན་ ༢༢ ཡིན་པའི་ཚེ་རིང་བཀྲ་ཤིས་ཀྱི་ཆུང་མའི་མིང་ལ་ཡུམ་མཚོ་སྐྱིད་ཟེར་གྱིན་ཡོད་པར་། ཁོ་ནི་རྒྱ་ནག་གཞུང་གི་དྲག་རྩུབ་སྲིད་ཇུས་ལ་ཕྱི་ལོ་༢༠༡༣་ལོར་ངོ་རྒོལ་གྱིས་རང་ལུས་མེར་བསྲེག་གནང་མཁན་དང་པོ་དེ་ཆགས་ཡོད་པ་དང་། འདས་པོ་ཁོང་ནི་ཨ་རིའི་རླུང་འཕྲིན་ཁང་གི་དྲ་ནང་བོད་ཀྱི་མདོ་འཛིན་པ་ཚེ་རིང་སྐྱིད་ཀྱི་གཅེན་པོའི་བུ་ཡིན་པ་རེད།